ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོ་ནི་གཞུང་ལམ་དང་ཉེ་བའི་གྲོང་ཚོ་ཞིག་ཡིན་པ་དང་ལོ་ལྟར་ཟླ་3པར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་སུ་ཡུལ་སྐོར་བ་མང་པོ་ཞིག་དེར་ལྟ་སྐོར་ལ་ཡོང་བ་དེ་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ལས་ཕན་པ་ཐོབ་པ་ཞིག་ཡིན། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(རྫོང་སྤྱི་བདེ་ཅུས་ཀྱིས་མངགས)གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་། ལས་ཀའི་སྤྱོད་ཚུལ་ཧུར་ཐག་བསྒྱུར་བ། གཞི་རིམ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་ཆབས་ཅིག་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས་གྲོང་མི་ཚོར་ཞིང་དུད་སྤྲོ་སྐྱིད་ཁང་གཉེར་རྒྱུར་མཛུབ་སྟོན་དང་ཞིང་པར་ལྟ་བ་འགྱུར་རྒྱུར་ཁྲིད་སྟོན་དང་ས་གནས་དེ་གའི་མང་ཚོགས་རྣམས་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱས་ཡོད།

འདི་ནི་ལས་དོན་རུ་ཁག་གི་རུ་མིས་ས་གནས་དེ་གའི་གྲོང་མི་དང་མཉམ་དུ་གྲོང་ཚོའི་འཛུགས་སྐྲུན་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བའི་གནས་ཚུལ་ཡིན་པ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།