ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཆབ་མདོ་གྲོང་ཨུད་རྒྱུན་ལས་ཨུ་ལྷན་གྱིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་དང་འབྲེལ་ཁོང་གིས་སྣེ་ཁྲིད་ནས་དཔྱད་བསྡུར་དབྱེ་ཞིབ་དང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་ཡོད།

ཚོགས་འདུའི་ཐོག་ནོར་བུ་དོན་གྲུབ་ཀྱིས་དང་ཐོག་གྲོང་ཨུད་ཀྱི་རྒྱུན་ཨུའི་ཚན་པའི་ཚབ་ཞུས་ཏེ་དཔྱད་བསྡུར་ཞིབ་བཤེར་དང“ནན་གསུམ་དྲང་གསུམ”སློབ་སྦྱོང་ལག་བསྟར་བྱེད་ཚུལ་སྙན་སེང་ཞུས་གནང་བ་དང་། “ནན་གསུམ་དྲང་གསུམ”ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ། གནད་དོན་ལྷག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བཅས་གནང་ནས་སླད་ཕྱིན་འབད་བརྩོན་བྱེད་ཕྱོགས་དང་ལེགས་བཅོས་བྱེད་ཐབས་བཏོན་གནང་རྗེས་ནོར་བུ་དོན་གྲུབ་ཀྱིས་སྣེ་ཁྲིད་ནས་རང་སྐྱོན་རང་བརྗོད་དང་། གནད་དོན་དབྱེ་ཞིབ། རྒྱུན་ཨུ་ཁག་གི་སྐྱོན་བརྗོད་བསམ་འཆར་དང་ལེན་བཅས་གནང་ཡོད།

ནོར་བུ་དོན་གྲུབ་ཀྱིས་གོམ་སྟབས་རྗེས་མར་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་ཏང་གི་རིགས་པའི་གཞུང་ལུགས་དང་རྩ་འཛིན་མཐའ་འཁྱོངས་བྱེད་རྒྱུའི་ཐད་རིམ་སྤོར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུའི་ཐོག་སྐྱོད་པ་དང་། ལྷག་པར་དུ་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱི་རྣམ་འགྱུར་ཐོག་ནས་ལྟ་སྟངས་འཛིན་དགོས་པ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་རིགས་པའི་གཞུང་ལུགས་ཐད་ཆུ་ཚད་མཐོ་རུ་དང་། ལམ་ལུགས་ཐད་གསར་གཏོད། ལམ་བུའི་ཐད་གདེང་ཚོད་ལྡན་པའི་དམངས་གཙོའི་འཚོ་བའི་ཚོགས་འདུར་འགྱུར་བ་བྱེད་པ། “ནན་གསུམ་དྲང་གསུམ”དེ་ལག་ལེན་དངོས་ཐོག་མཐའ་འཁྱོངས་ཐུབ་པ་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུའི་ལམ་སྲོལ་དེ་མང་ཚོགས་ཁྲོད་དོན་འཁྱོལ་ཐུབ་པ་བྱེད་པ། ཚང་མས་བཏོན་པའི་གནད་དོན་ལ་ངོས་འཛིན་དང་འབྲེལ་དག་ཐེར་ནན་ཏན་བྱེད་པ་དང་འཕེལ་རྒྱས་གཏོང་བའི་ཐད་གསར་གཏོད་ཀྱི་ཆུ་ཚད་མངོན་པ་དང་། བརྟན་ལྷིང་ཐད་ངོ་གནོང་མི་དགོས་པ་དང་རྙོག་དྲ་མི་བཟོ་བ། དམངས་འཚོ་ལེགས་གཏོང་ཐད་བྱས་རྗེས་འཇོག་པ། ཏང་འཛུགས་སྐྱོང་ལས་དོན་ཐད་ཕན་འབྲས་ཐོན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།