ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཉེར་ཆར《བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ནས་ད་ལྟ་ལག་ལེན་བསྟར་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་དངུལ་འབོར་མང་བའི་ཁ་གསབ་སྨན་བཅོས་འགན་བཅོལ་གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་ནད་ཆེན་འགན་བཅོལ་དུ་ལེགས་སྒྲིག་བྱས་པ་དང་2015ལོའི་སྤྱིའི་འགན་བཅོལ་མ་དངུལ་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དེ་མི་ཁྲི་27ལྷག་ཙམ་ལ་ཁྱབ་པ་དང་མ་དངུལ་གྲབས་གསོག་གི་ཚད་གཞི་མི་རེར་སྒོར་37ཡིན་པས་ནད་ཆེན་ཕོག་པའི་ནད་པའི་སྨན་བཅོས་ཀྱི་ཁུར་པོ་རིམ་བཞིན་ཡང་དུ་བཏང་ཡོད་པ་རེད།

བོད་ལྗོངས་འགན་བཅོལ་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་མ་ཆོན་ཕིང་གིས་བོད་དུ་འདི་ལོ་ནད་ཆེན་འགན་བཅོལ་ལས་དོན་དངོས་སུ་འགོ་ཚུགས་ཏེ་ཞིང་ཆེན་རིམ་པས་སྤྱི་འདོམས་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་འབོར་ལ་ཁྱབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ནད་ཆེན་འགན་བཅོལ་གྱི་འགན་ལེན་བྱ་ཡུལ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཡིན་པ་དང་འགན་བཅོལ་ནང་ཞུགས་མཁན་ལ་ནད་ཆེན་ཕོག་ནས་སྨན་ཡོན་འབོར་ཆེན་སོང་སྐབས་ནད་ཆེན་འགན་བཅོལ་དེས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་གཏན་འབེབས་ལྟར་སྨན་རིན་སྤྲད་རྗེས་མི་སྒེར་གྱིས་སྤྲོད་འོས་པའི་ལུགས་མཐུན་སྨན་བཅོས་འགྲོ་གྲོན་དེ་འགན་ལེན་བྱེད་ཀྱི་ཡོད། ནད་ཆེན་གྱིས་རྐྱེན་པས་དབུལ་པོར་གྱུར་བ་དང་སླར་ཡང་དབུལ་པོ་ཆགས་པའི་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་རིམ་བཞིན་ཐག་གཅོད་བྱས་ཏེ་མང་ཚོགས་རྣམས་ནད་ཕོག་ཀྱང་དཔལ་འབྱོར་ཐད་ལ་དཀའ་ངལ་མི་འཕྲད་པ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།