ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ནས་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་སྔོན་དུ་ཕྱོགས་ཡོངས་ནས་འབྲོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་བརྟན་པོའི་ངང་འཕར་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། བྱེད་སྟངས་འགྱུར་ལྡོག་གཏོང་བ། དམངས་འཚོར་ཁེ་ཕན་སྐྲུན་པ་བཅས་མཐའ་འཁྱོངས་བྱས་པས་ཕྱོགས་བསྡུས་དངོས་ཤུགས་ཆེས་ཆེར་འཕར་བ་དང་། འཕེལ་ཤུགས་མགྱོགས་མྱུར་ཆེ་རུ་ཕྱིན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱས་ནས་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་100ལས་བརྒལ་བ་དང་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་ཁྲི་4.6ལས་བརྒལ་བ་རེད།

“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་དེ་ཐོག་མཐའ་བར་གསུམ་དུ་གཙོ་རྒོལ་བྱེད་ཕྱོགས་ཤིག་ཏུ་བརྩིས་ཏེ་ཁྱད་ལྡན་སྤུས་རྟགས་གཏོད་པ་དང་ཁྱད་ལྡན་ལམ་བུའི་ཐོག་བསྐྱོད་དེ་རྒྱུན་སྲིང་ལྷོད་མེད་ངང་སྣོད་བཅུད་ཡུལ་སྐོར་ལས་རིགས་དང་།ཁྱད་ལྡན་ཞིང་འབྲོག་ལས། ཆུ་གློག་ནུས་རྒྱུའི་ཐོན་ལས། བོད་ལུགས་གསོ་རིགས་སྨན་ལས་བཅས་འཕེལ་རྒྱས་གཏོང་བ་དང་རིག་གནས་ཐོན་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་སྦྱིན་པ་དང་། རྨང་གཞིའི་སྒྲིག་བཀོད་ལ་ཚད་བརྒལ་གསར་པ་བྱུང་སྟེ་མེ་ཏོག་གཞུང་ལམ་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་ནས་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་འབའ་ཞིག་གི་ལོ་རྒྱུས་མཇུག་འགྲིལ་བ་དང་གནམ་ཐང་མྱུར་བགྲོད་ལམ་བུ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲིའི་བར་གྱི་དུམ་བུ་སོགས་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་གནད་ཆེའི་རྣམ་གྲངས་འབོར་ཆེན་ལག་ལེན་བསྟར་བ་དང་མཁའ་འགྲུལ་འདྲེན་ཤུགས་རྒྱུན་སྲིང་ངང་ཆེ་རུ་ཕྱིན་པ་མཚོན་རྟགས་སུ་བྱས་ནས་ཕྱིར་གཏོང་ནང་འདྲེན་བྱེད་ཤུགས་ཆེས་ཆེར་ཕྱིན་པའི་ལང་གཟུགས་འགྲིམ་འགྲུལ་དྲ་བ་སྔར་བས་འཐུས་ཚང་དུ་སོང་བ། གཙང་པོ་དང་ཆུ་བོ་ཆེན་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱེད་པ་དང་རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”རྒྱུན་མཐུད་རྟེན་གཞིའི་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་མ་གཏོང་བ། འཕྲིན་གཏོང་དྲ་བ་རྒྱུན་ཆད་མེད་པར་རིམ་འཕར་བྱུང་བ་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གྲོང་རྡལ་ཅན་གྱི་དྲ་མིག་སྤྱིར་ན་ཆགས་པ་དང་གྲོང་རྡལ་ཅན་དུ་འགྱུར་ཚད་34.45%ཟིན་པ། དམངས་འཚོའི་བྱ་གཞག་ཐད་རྣམ་པ་གསར་པ་མཚོན་ནས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་དམངས་འཚོའི་ཕན་བདེར་ཚད་མཐོའི་སྣང་ཆེན་བྱས་ནས་རིམ་པ་དེ་གའི་ནོར་སྲིད་མ་དངུལ་གྱི་70%དང་བོད་སྐྱོར་མ་དངུལ་80%སློབ་གསོ་དང་། འཕྲོད་བསྟེན། རིག་གནས། ཚན་རྩལ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་འཇོག་པ་དང་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་པས་སྔོན་དཔག་བྱས་ན་2015ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.49དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.08ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་གནས་རྒྱུ། སྣོད་བཅུད་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་བྱུང་ནས་རྒྱལ་ཁབ་རིམ་པའི་སྣོད་བཅུད་ས་ཁུལ་གཏོད་པའི་ལས་དོན་ལ་མགྱོགས་མྱུར་སྐུལ་མ་བཏང་བས་རང་སྐྱོང་ལྗོངས་སྣོད་བཅུད་རྫོང་2དང་། སྣོད་བཅུད་ཤང་གྲོང་38 སྣོད་བཅུད་གྲོང་ཚོ་316བཅས་ཡོད་པ་དང་ཉིང་ཁྲིར་ཁག་དང་པོའི་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྔོན་སྐྱོད་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ་གྱི་མཚན་སྙན་ཐོབ་པ་དང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་ལ་གཟི་བརྗིད་ངང་རྒྱལ་ཁབ་ཀྱི་གཙང་སྦྲ་ལྡན་པའི་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐད་ཚད་བརྒལ་གསར་པ་བྱུང་སྟེ་སྲིད་འཛིན་ལམ་སྲོལ་སྒྱུར་བཅོས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གཞུང་ཁོངས་ཁེ་ལས་དང་། ནོར་ཁྲལ། མ་འཇོག་དང་མ་དངུལ་མཉམ་བསྲེས། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས་གསར་གཏོད་བརྩོན་ལེན་དང་། འགྱུར་ལྡོག་ལ་བསམ་གཞིག གཞན་གྱི་མདུན་དུ་བསྐྱོད་ཕོད་པ་བཅས་ཀྱི་གསར་གཏོད་སྒུལ་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་པ། “སྟོབས་ལྡན་ཁེ་ལས་ཉིང་ཁྲིར་འདྲེན་པའི”འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པས་སྤུས་ལེགས་ཁེ་ལས་འབོར་ཆེན་ཞིག་ཉིང་ཁྲིར་གཞིས་ཚུགས་པ་བཅས་བྱས་པས་ཉིང་ཁྲི་དེ་རིམ་བཞིན་མ་འཇོག་ལས་གཏོད་བྱ་ཡུལ་གཙོ་བོར་འགྱུར་བཞིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་མཛེས་སྡུག་དང་། ཞི་མཐུན། བདེ་སྐྱིད་ལྡན་པ་བཅས་ཀྱི་ཉིང་ཁྲི་འཛུགས་སྐྲུན་བྱེད་པ་དང་གཙོ་གནད་ཐོག་དམངས་འཚོར་ཁེ་ཕན་བསྐྲུན་པ་དང་། མ་འཇོག་ལ་དམ་འཛིན་བྱེད་པ། སྣོད་བཅུད་སྲུང་སྐྱོང་བྱེད་པ། ཐོན་ལས་སྟོབས་ཆེར་གཏོང་བ། གསར་གཏོད་ལ་སྐུལ་མ་གཏོང་བ། བརྟན་ལྷིང་འགན་ལེན་བྱེད་པ་བཅས་ཀྱི་དོན་ཆེན་ཁག་དྲུག་དམ་འཛིན་བྱས་ནས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལོར་ཆ་སྙོམས་བྱས་ན་13%ཡན་འཕར་བ་དང་། ས་ཁུལ་གྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་ལོར་ཆ་སྙོམས་བྱས་ན་10%ཡན་འཕར་བ། སྤྱི་ཚོགས་ཧྲིལ་པོའི་གཏན་འཇགས་མ་རྩའི་མ་འཇོག་ལོར་ཆ་སྙོམས་བྱས་ན་20%འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་ཚོང་སྤྱི་འབོར་ལོར་ཆ་སྙོམས་བྱས་ན་15%ཡན་འཕར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡན་འཕར་བ་བཅས་བྱས་ནས་2018ལོར་སླེབས་སྐབས་སྔོན་དུ་ཕྱོགས་ཡོངས་ནས་འབྲོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པ་དང་2020ལོར་སླེབས་སྐབས་ཆུ་ཚད་སྔར་བས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགསབསྐྲུན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

-- --

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།