ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་ཉིན་ཤས་གོང་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱས་པར། སྐྱེལ་འདྲེན་འགན་སྲུང་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད་2016ལོའི་ཟླ་1པོ་ནས་ཟླ་4པའི་བར་དང་ཟླ་11དང་12པར་མཚོ་བོད་ལྕགས་ལམ་ཀུང་སིས་འགྲུལ་པ་མང་སྒང་ལས་གཡོལ་བའི་སྐྱེལ་འདྲེན་དང་ལྕགས་ལམ་གྱི་དབོར་གླ་དམའ་རུ་གཏོང་བ་སོགས་བྱེད་ཐབས་སྤྱད་ནས་མཚོ་བོད་ལྕགས་ལམ་སྐྱེལ་འདྲེན་ནུས་པའི་ལྷུག་གཏོང་དུས་མཚམས་སུ་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱིས་སྔ་སྣུར་ནས་སྐྱེལ་འདྲེན་དང་ས་ཆ་གཞན་དུ་བཀར་འཇུག་བྱས་ནས་ཁེ་ལས་ཀྱི་སྐྱེལ་འདྲེན་མ་གནས་དམའ་རུ་གཏོང་རྒྱུ་ཡིན་པ་རེད།

བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དངོས་རྫས་དང་རྒྱལ་ཁབ་ཀྱི་གཙོ་གནད་འཛུཌ་སྐྲུན་དངོས་རྫས་སྔོན་ལ་སྐྱེལ་འདྲེན་བྱ་རྒྱུ་འགན་སྲུང་བྱ་ཆེད་2016ལོ་ནས་བཟུང་མཚོ་བོད་ལྕགས་ལམ་ཀུང་སིས་བྱེད་ཐབས་ཁག་ཧུར་ཐག་སྤྱོད་པ་དང་། སྐྱེལ་འདྲེན་བྱེད་པའི་ཐོན་ཁུངས་ཚན་རིག་དང་མཐུན་པའི་ངང་སྒྲིག་སྦྱོར་བྱེད་པ། སྔོན་ལ་སྐྱེལ་འདྲེན་བྱེད་པའི་བྱེད་ཐབས་སྤྱོད་པ། དེ་བས་ནན་པའི་དངོས་ཟོག་བླུཌ་རྒྱུ་བཀག་སྡོམ་དང་བླུགས་མཚམས་འཇོག་པའི་བྱེད་ཐབས་སྤྱོད་པ་བཅས་བྱས་ནས་བོད་འདྲེན་དངོས་ཟོག་བཀག་གསོག་མི་ཐེབས་པ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།