ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་ཧོ་ཝུན་ཧའོ་ཚོགས་འདུར་ཕེབས་པ་དང་སྦྲཌ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་ཐབས་ཇུས་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཏན་ཏིག་དང་ཕན་འབྲས་ལྡན་པའི་བྱ་ཐབས་ཐོག་ནས་ལྗོངས་ཡོངས་ཀྱི་བདེ་འཇཌ་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་ཞིབ་ཏུ་བཏང་ནས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ཐོག་འགན་འཁྲི་གཉིས”དང“རིམ་ལྔ་ལྔ་ཁྱབ”དོན་འཁྱོལ་ནན་པོ་བྱས་ཏེ་ཏང་སྲིད་འགོ་ཁྲིད་གཙོ་བོས་རང་ཉིད་ཀྱིས་དམ་འཛིན་བྱེད་པ་དང་། ཁག་བགོས་དོ་དམ་འགོ་ཁྲིད་ཀྱིས་ཞིབ་ཕྲ་ནས་དམ་འཛིན་བྱེད་པ། ཚན་ཁག་ཁོངས་མིས་སྤྱི་འདོམས་དམ་འཛིན་བཅས་བྱེད་པའི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱེད་པ་དང་། འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐད“ཐར་པར་མི་གཏོང་བའི”དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཐག་གཅོད་ནན་པོ་བྱེད་པ་དང་། རྡུང་རྡེག་ནན་པོ་གཏོང་བ། འགན་འཁྲི་རྩད་གཅོད་ནན་པོ་བྱེད་པ། སྙིང་རྗེ་གཏན་ནས་མི་བྱེད་པ། རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ། ལྟ་སྐུལ་མཛུབ་སྟོན་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་ཞིབ་ལྐོག་གཉིས་ཀའི་ཞིབ་བཤེར་གྱི་བྱེད་སྟངས་མུ་མཐུད་སྤྱད་དེ་ལྟ་སྐུལ་དོ་དམ་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་གཞི་རྩའི་ཐོག་ནས་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། གཙོ་གནད་མངོན་གསལ་དོད་པོ་དང་ལས་འགན་གསལ་པོ་བཟོ་བ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བདེ་འཇགས་ཐོན་སྐྱེད་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ནན་པོ་དང་ལྷག་པར་དུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། མེ་ཟོན་བདེ་འཇགས། ཉེན་ཆེའི་རྫས་འགྱུར་དངོས་རྫས་དང་འབར་གས་སླ་བའི་དངོས་པོའི་བདེ་འཇགས་སོགས་གཙོ་གནད་ལས་དོན་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ་ལས་དོན་ཁག་ལ་ཁུག་སྲུབས་སྟོང་གསུམ་མ་ལུས་པའི་འགན་ལེན་བྱས་ནས“དུས་ཆེན་ཆེ་གྲས་གསུམ”དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ལ་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།