ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 2016ལོའི་ལྗོངས་ཡོངས་ཀྱི་སློབ་གསོ་ལས་དོན་ཚོགས་འདུ་ལྷ་ས་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥང་ལིང་མིན་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ནང་དོན་གཙོ་བོ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་འབྱོང་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་སློབ་གསོའི་ལས་དོན་ཐད་ཀྱི་བླང་བྱར་དམ་པོར་དམིགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ལ་དམ་པོར་དམིགས་ཏེ་མི་འདང་ས་གསབ་པ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་རང་ལྗོངས་ཀྱི་སློབ་གསོའི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བའི་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་སྦྲགས་2016ལོའི་སློབ་གསོའི་ལས་དོན་ཐད་བླང་བྱ་ཁ་གསལ་ཡང་བཏོན་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དང་། རིམ་ཁག་སློབ་གསོ་སྡེ་ཚན། སློབ་གྲྭ་བཅས་ཁག་གིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལྔར་དམ་པོར་དམིགས་ཏེ་སློབ་ཞུགས་གོང་གི་སློབ་གསོ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་འགྲོ་བ། མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་འཕེལ་རྒྱས། ལས་རིགས་སློབ་གསོ་ཕྱོགས་བསྒྱུར་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ཏེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པ་དང་། མི་འདང་ས་ཁ་གསབ། གྲུབ་ཆ་ལེགས་སུ་གཏོང་བ། ཁྱད་ཆོས་དམ་འཛིན། སྒྱུར་བཅོས་ཟབ་གཏོང་། ཞི་མཐུན་བརྟན་ལྷིང་སོགས་གཙོ་གནད་6དམ་འཛིན་བྱས་ཏེ་མི་སེམས་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ། སྒྱུར་བཅོས་གསར་གཏོད། ལས་དོན་ཏན་ཏིག་བཅས་ཀྱི་སྒོ་ནས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་ཞིག་འཛུགས་པ་དང་གོམ་སྟབས་ཡག་པོ་ཞིག་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།