གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་གི་ཕྲུ་གུ་མང་པོ་ཞིག་ཚད་ལྡན་ཅན་གྱི་སློབ་ཁང་ནང་སྐད་གཉིས་སློབ་ཚན་འཚོགས་བཞིན་འདུག ཧྲན་ཏུང་བོད་སྐྱོར་མ་དངུལ་གྱི་རོགས་སྐྱོར་འོག་འདི་ལོའི་ཟླ་10པར་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་གསར་པ་400བསུས།

བསམ་གྲུབ་རྩེ་ཆུས་སུ་ཡོད་པའི་གཞིས་རྩེ་བཟོ་ལས་གླིང་དེ་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་ཁུལ་དུ་རིམ་པ་སྤར་ནས་ལྗང་མདོག་དང་ཁོར་ཡུག་སྲུང་སྐྱོང་ཐོན་ལས་དེ་བཟོ་ལས་གླིང་གི་གཙོ་གནད་དུ་འགྱུར་རྒྱུ་རེད།

པ་སྣམ་རྫོང་དུ་བོད་སྐྱོར་མ་དངུལ་གྱི་རོགས་སྐྱོར་འོག་ཉི་འོད་དྲོད་ཁང་5400ལྷག་ཙམ་བརྒྱབ་པ་དང་ཞིང་འབྲོག་མང་ཚོགས་ལ་ལོར་ཡོང་འབབ་སྒོར་1480བྱུང་ཡོད།

ངམ་རིང་རྫོང་དུ་ཧྲན་ཏུང་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག བསྐྲུན་པའི་ས་མཐོའི་པིན་ཧུའུ་སྣོད་བཅུད་གྲོང་སྡེའི་གཞི་ཁྱོན་རགས་ཙམ་ཆགས་པ་དང་། སྲོལ་རྒྱུན་གྱི་ལྷ་མོར་སྲུང་སྐྱོང་ནུས་ལྡན་བྱུང་ཡོད།

གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་གི་རྒྱབ་ཏུ། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དག་གི་རྔུལ་ཆུ་དང་ལེགས་སྐྱེས་འདུས་ཡོད། 2013ལོའི་ཟླ་6པར། ཧྲན་ཏུང་ཞིང་ཆེན་གྱི་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་68གངས་ལྗོངས་ས་མཐོར་འབྱོར་ནས་རེས་སྐོར་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད།

དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་བསྲུངས་པ།

ས་མཐོའི་སྣོད་བཅུད་ཉམས་ཞན་གྱི་དོན་དངོས་དང་བསྟུན་ནས། ཧྲན་ཏུང་ཞིང་ཆེན་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པ་ཚོས་གཞིས་རྩེ་གྲོང་ཁྱེར་གྱི་མྱང་ཆུའི་སྣོད་བཅུད་འགྱིག་རགས་དང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ། ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་རྣམ་གླིང་རྫོང་དུ་ཤིང་འཛུགས་ནགས་བཟོ། ངམ་རིང་རྫོང་གི་ས་མཐོའི་པིན་ཧུའུ་སྣོད་བཅུད་གྲོང་སྡེ་སོགས་རྣམ་གྲངས་འཛུགས་སྐྲུན་གཞི་རྟེན་དུ་བྱས་ནས། ཆུའི་སྣོད་བཅུད་དང་། ནགས་ཚལ་སྣོད་བཅུད། གྲོང་ཁྱེར་གྱི་སྣོད་བཅུད་བཅས་བསྐྲུན་རྒྱུར་དམ་འཛིན་བྱས་ཏེ། རྣམ་གྲངས་གཅིག་ལག་བསྟར་དང་། བཀྲག་མདངས་འཚེར་ས་གཅིག་བསྐྲུན་པ། མིག་དཔེ་ཡག་པོ་ཞིག་འཇོག་པ་བཅས་བྱས་ནས་ཕུགས་ལ་ཕན་པ་ཐོབ་རྒྱུའི་འགན་ལེན་བྱས་ཡོད།

ས་མཐོའི་འགྱིག་རགས་ཆེ་གྲས་དང་པོ་སྟེ། གཞིས་རྩེ་གྲོང་ཁྱེར་མྱང་ཆུའི་སྣོད་བཅུད་འགྱིག་རགས་དེ་ལོ་གཅིག་ནང་ཛ་དྲག་ངང་བསྐྲུན་པ་བརྒྱུད། ཟླ་བཅུ་པའི་ཟླ་མཇུག་ཏུ་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་ཤིང་། དགུན་དུས་ཆུ་རྒྱ་དཔངས་ཁྲི་60གསོག་ཐུབ་པ་དང་དཀོན་མཆོག་གླིང་གི་མཚེའུ་ལ་ཆུ་གཏོང་རྒྱུ་དང་། དཀོན་མཆོག་གླིང་གའི་འདམ་རར་ཆུ་བསྐང་རྒྱུ། གྲོང་ཁུལ་གྱི་གནམ་གཤིས་ལེགས་སུ་གཏོང་རྒྱུ་བཅས་ཀྱི་ཐད་ནུས་པ་རགས་ཙམ་ཐོན་ཡོད།

ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པའི་རྣམ་གླིང་རྫོང་གི་སྣོད་བཅུད་དཔེ་སྟོན་ཁུལ་ལ་མ་དངུལ་སྒོར་ཁྲི་8000ལྷག་ཙམ་བཏང་ནས་འདི་ལོའི་རང་སྐྱོང་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་འདུ་འགོད་ཀྱི་འགོ་འཛུགས་ས་དང་འཐབ་ས་གལ་ཆེན་དུ་གྱུར་ཞིང་། མིག་སྔར་ལྗོན་ཤིང་རྐང་ཁྲི་60བཙུགས་པ་དང་། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་3800བཏབ་པ། ཐོན་མཐོའི་ནས་མུའུ་1000བཏབ་པ། ནགས་ཤིང་གསོན་ཚད་95%ཡན་ཟིན་པ་བཅས་ནགས་ཤིང་དང་། རྩྭ་ར། ནས་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ལྗང་མདོག་ཐོན་ལས་མ་ལག་དང་སྣོད་བཅུད་འཛུགས་སྐྲུན་གྱི་རྟེན་གཞིར་གྱུར་ཡོད། སང་ལོ་མ་དངུལ་གཏོང་ཚད་མང་དུ་བཏང་ནས་ལྗོན་ཤིང་རྐང་ཁྲི་50འཛུགས་རྒྱུ་ཡིན་པ་རེད།

དཔལ་འབྱོར་བོད་སྐྱོར་ལ་དམ་འཛིན་ཡག་པོ་བྱས་པ།

ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་བོད་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ས་གནས་ཀྱི་ནོར་ཤུགས་སྟོབས་ཆེར་གཏོང་རྒྱུ་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ། ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐབས་ལམ་གལ་ཆེན་དུ་འགྱུར་བ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་དང་བདེ་འཇགས་ཀྱི་མཐའ་ཚད་དམ་འཛིན་ཡག་པོ་བྱས་པའི་རྨང་གཞིའི་ཐོག་ས་གནས་དེ་རང་གི་ཁེ་ལས་སྐྱེད་སྲིང་དང་། རྐང་འཛིན་ཁེ་ལས་གསོ་སྐྱོང་། ཕྱིའི་ཁེ་ལས་ནང་འདྲེན་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་བསྣན་པ་དང་འབྲེལ། “རང་བརྟེན”ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔར་ཞིང་ཞོར་ཐོན་ཟོག་ལས་སྣོན་དང་། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་རྫས་སོགས་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། “པ་སྣམ་གྱི་སྔོ་ཚལ”དང“ཁམས་བཟང་རྩམ་པ”སོགས་ཁྱད་ལྡན་སྤུས་རྟགས་ཁག་གཅིག་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།

ཅི་ནན་བོད་སྐྱོར་ཚོགས་ཆུང་གིས“པ་སྣམ་གྱི་སྔོ་ཚལ”སྤུས་རྟགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་དམིགས་ནས་སྔོ་ཚལ་འདེབས་འཛུགས་ཀྱི་གཞི་ཁྱོན་མུ་མཐུད་རྒྱ་ཆེར་བཏང་བ་དང་། བྲིན་ཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ། རྫོང་ཡོངས་ཀྱི་སྔོ་ཚལ་དང་། ཀྭ་རིགས། ཤིང་འབྲས་བཅས་ཀྱི་སྣ་ཁ་116ཟིན་པ་དང་། སྔོ་ཚལ་ཐོན་ཚད་སྤྱི་རྒྱ་ཁྲི་2800ཟིན་པ་དང་བྲིན་ཚོང་ཡོང་འབབ་སྒོར་ཁྲི་8400ཟིན་པ། ཞིང་པའི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1480ཟིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།

ཆིང་ཏའོ་བོད་སྐྱོར་ཚོགས་ཆུང་གིས་གཞིས་རྩེའི་བཟོ་ལས་གླིང་དང་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་སོགས་ཀྱི་རྣམ་གྲངས་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བར་བརྟེན། བཟོ་ལས་གླིང་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་བཟོ་ལས་གླིང་ཁུལ་དུ་རིམ་སྤོར་ཐུབ་རེ་ཡོད་པ་དང་འབྲེལ། ཁུལ་ཡོངས་སུ“འདེབས་འཛུགས་དང་། གསོ་ཚགས། ལས་སྣོན”བཅས་ཀྱི་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་བའི་ཐོག་འདེབས་འཛུགས་དང་། གསོ་ཚགས། ལས་སྣོན་བཅས་ཀྱི་མཉམ་ལས་ཁང་དང་སོ་བག་བཟོ་གྲྭ་དང་། དེ་བཞིན་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན། 2014ལོར་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་9315ཟིན་པ་དེ་ལོ་གོང་མ་ལས་13%འཕར་ཡོད་པ་རེད།

དམངས་གཙོའི་སྤུས་རྟགས་བཏོད་པ།

ཧྲན་ཏུང་ཞིང་ཆེན་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པས་སློབ་གསོ་ལས་ཞུགས་དེ་ལོ་གསུམ་བོད་སྐྱོར་གྱི་ལས་ཀའི་གཙོ་གནད་ཀྱི་གྲས་སུ་བརྩིས་ནས་གྲོང་ཁྱེར་ཡོངས་ཀྱི་སློབ་གསོའི་གསོ་སྦྱོང་དང་ལས་ཞུགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

ལས་ཞུགས་དང་ལས་རིགས་གསོ་སྦྱོང་ཐད་སྐད་གཉིས་དགེ་རྒན་གསོ་སྦྱོང་ལྟེ་གནས་དང་། ཞིང་འབྲོག་མང་ཚོགས་ཀྱི་ལས་རིགས་རྩལ་ནུས་སྦྱོང་བརྡར་རྟེན་གཞི། དབང་པོ་སྐྱོན་ཅན་དྲག་སྐྱེད་ལྟེ་གནས་སོགས་གཙོ་གནད་རྣམ་གྲངས་ཁག་གཅིག་དམ་འཛིན་བྱས་པ་བརྒྱུད། ལས་བྱེད་པ་གསོ་སྦྱོང་དང་། དགེ་རྒན་གསོ་སྦྱོང་། ཞིང་འབྲོག་པའི་ལས་ཞུགས་རྩལ་ནུས་གསོ་སྦྱོང་། དབང་པོ་སྐྱོན་ཅན་གྱི་རྩལ་ནུས་གསོ་སྦྱོང་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད།

ཧྲན་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་བོད་སྐྱོར་ལས་བྱེད་པའི་སྐུལ་འདེད་ཧུར་ཐག་འོག གཞིས་རྩེ་གྲོང་ཁྱེར་གྱི་ཤེས་ལྡན་པ་གསོ་སྦྱོང་དྲ་བའི་སྟེགས་བུ —— “གཞིས་རྩེ་གྲོང་ཁྱེར་ཆེད་ལས་ལག་རྩལ་མི་སྣའི་རྒྱུན་མཐུད་སློབ་གསོའི་དྲ་བ”དང“གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལས་པའི་གསོ་སྦྱོང་དྲ་བ”དངོས་སུ་སྤྱོད་འགོ་ཚུགས་ནས་དེ་བས་སྟབས་བདེ་ལ་ཕན་འབྲས་ཐོན་མགྱོགས་པའི་གསོ་སྦྱོང་སྟེགས་བུ་བསྐྲུན་པ་རེད།

སློབ་གསོའི་འཕེལ་རྒྱས་ཐད་གྲོང་ཁྱེར་བུ་བཅོལ་ཁང་དང་། བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་སློབ་ཆུང་རྒྱས་བསྐྲུན་བསྐྱར་སྐྲུན། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། རྣམ་གླིང་རྫོང་ལས་རིགས་སློབ་གསོ་ལྟེ་གནས་སོགས་རྣམ་གྲངས་ལག་བསྟར་བྱས་པས། སློབ་གསོའི་སྒྲིག་བཀོད་དང་མཉེན་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་ཐེབས་ཏེ་སློབ་གསོའི་ཐོན་ཁུངས་དཀོན་པའི་རྣམ་པར་འགྱུར་ལྡོག་ཕྱིན་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།