ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་འདུ་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་ཤིང་། བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་པོ་ནས་ཡིན་པའི་སྲིད་གྲོས་ཨུ་ཡོན་129ཡིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཆབ་མདོར་མཉམ་འཛོམས་ཀྱིས་ཆབ་མདོའི་འཕེལ་རྒྱས་དང་བརྟན་ལྷིང་གི་ཇུས་ཆེན་ཐད་མཉམ་དུ་གྲོས་བསྡུར་བྱ་རྒྱུ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།

ཚོགས་འདུའི་ཐོག་2016ལོ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་མ་གཏོང་བའི་གལ་ཆེའི་ལོ་ཞིག་ཡིན་ལ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཀྱང་ཡིན་པས། ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྲིད་གྲོས་ལས་ཁུངས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་དེ་བཞིན་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གྲོང་ཨུད་ཀྱི་སྤྱིའི་བླང་བྱ་སྟངས་འཛིན་ནན་པོ་ཐུབ་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། ཤེས་ལྡན་མི་སྣའི་ལེགས་ཆ། ཐབས་ལམ་གྱི་ལེགས་ཆ། ལྟ་སྐུལ་གྱི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ཆབ་སྲིད་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་དོན་ཡག་པོ་གླེང་བ”བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཤུགས་སྣོན་ཡག་པོ་རྒྱག་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བཏོན་གནང་བའི“ལས་སྟེགས་ཤིག་དང་། ཐུན་མོང་གཉིས། སྔར་ལས་ལེགས་པ་གསུམ”བཅས་ལ་གཞིགས་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་ཐུབ་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་གྲོས་སྲིད་གླེང་བཅས་ལ་འཕེལ་རྒྱས་གསར་པ་ཡོང་བ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

-- --

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།