ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་ལྔ་པའི་རུ་སྣེ་ཁྲིད་མཁན་ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་མིང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད། ཁ་གཏད་བོད་སྐྱོར་ལས་དོན་ཁྲོད་བཀྲག་མདངས་འཚེར་བའི་ལས་རྗེས་བཞག་ཡོད།

ཀྲང་མིང་གིས“བོད་དུ་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། གསོ་རླུང་མི་འདང་བ་བཅས་ཀྱིས་གཟུགས་པོ་བདེ་པོ་མེད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་ལེགས་སུ་གཏོང་དགོས་ཚེ་དུས་ཚོད་དམ་འཛིན་བྱེད་དགོས་ཀྱི་ཡོད”ཅེས་བཤད། བོད་སྐྱོར་ལས་དོན་རུ་ཁག་གིས་ས་མཐོར་ཡོང་བ་ནས་བཟུང་སྔ་ཕྱི་བར་གསུམ་དུ་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་པ་དང་། འགྲིམ་འགྲུལ་དང་། སྨན་བཅོས། གནས་སྤོ། སློབ་གསོ། ཞིང་འབྲོག ཨར་རྒྱག་ལ་སོགས་བྱ་བ་ཚང་མ་དམངས་སེམས་དང་འབྲེལ་ཡོད། མིག་སྔའི་བར་ཨན་ཧུའེ་ཞིང་ཆེན་གྱིས་སྔ་རྗེས་སུ་ལག་རྩལ་མི་སྣ་150ས་མཐོར་མང་ཚོགས་ལ་འབབ་འཕར་ནུས་རྩལ་སློབ་པར་མངགས་གཏོང་བྱས་ཡོད།

ཀྲང་མིང་གིས“ལོ་གཉིས་ལྷག་ཙམ་རིང་ཡུལ་དེའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས‘གཟིགས་སྐྱོང་གཉིས’ཀྱི་བླང་བྱ་གཞིར་བཟུང་། ཨན་ཧུའེ་ཞིང་ཆེན་གྱིས་ཚན་རིག་དང་མཐུན་པའི་ངང་ལོ་3གྱི་བོད་སྐྱོར་རྣམ་གྲངས་འཆར་འགོད་བྱས་པ་དང་། མ་འཇོག་སྒོར་དུང་ཕྱུར་3.108དང་བོད་སྐྱོར་རྣམ་གྲངས་30ཡི་སྤྱིའི་འཆར་གཞི་བཏིང་ཡོད། མིག་སྔའི་བར། ལས་གྲྭའི་རིགས་ཀྱི་རྣམ་གྲངས་27ཚང་མ་ཨར་སྐྲུན་བྱེད་འགོ་ཚུགས་པ་དང་མ་འཇོག་སྒོར་དུང་ཕྱུར་2.98ལེགས་གྲུབ་ཟིན་ནས་རྣམ་གྲངས་ཀྱི་སྤྱིའི་མ་འཇོག་གི་96.5%བཟུང་བ་དང་། རྣམ་གྲངས་21བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་དེ་བྱིངས་ཀྱི་རྣམ་གྲངས་6མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དེས་བོད་དུ་སླེབས་མ་ཐག་གཏན་འཁེལ་བྱས་པའི‘ལོ་3ལ་རྣམ་གྲངས་སྔ་སྣུར་དུ་ལེགས་སྒྲུབ’བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་བོད་སྐྱོར་ལས་དོན་སྤེལ་རྒྱུ་ས་ཁུལ་ཡོངས་ཀྱི་སྔོན་ལ་སླེབས་ཡོད”“བོད་སྐྱོར་བྱེད་པའི་བརྒྱུད་རིམ་ཁྲོད་བོད་སྐྱོར་ལས་བྱེད་པ་ཚོས་ཨན་ཧུའེ་དང་བོད་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཆེད། ནུས་ཤུགས་ཡོད་རྒུ་བཏོན་པ་དང‘གང་ཞིག་ཁ་ཐང་བ་དེ་གསབ་པའི’བོད་སྐྱོར་འདུ་ཤེས་བཅངས་ནས་ཨན་ཧུའེ་ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་སྡེ་ཚན་དང་རང་འགུལ་ངང་མཐུན་སྦྱོར་བྱས་ཏེ་ཤེས་ལྡན་མི་སྣ་དང་། མ་དངུལ། རྣམ་གྲངས་སོགས་ཐད་རྒྱབ་སྐྱོར་སྔར་བས་མང་པོ་བརྩོན་ལེན་བྱས་ཡོད”ཅེས་བཤད་པ་རེད།

མིག་སྔར་ཨན་ཧུའེ་ཞིང་ཆེན་གྱིས་བསྐྲུན་རོགས་བྱས་པའི་ལས་གྲྭའི་རྣམ་གྲངས་ཁག་རེ་རེ་བཞིན་ཡར་ཀླུང་ས་ཞིང་ཆེན་པོའི་སྟེང་གཞི་ཚུགས་པ་དང་སྤྱོད་འགོ་ཚུགས་པའི་རྣམ་གྲངས་ཆེ་གྲས་ཁག་ལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས“ཐོན་ལས་ལས་གྲྭ”དང་། “དམངས་སེམས་ལས་གྲྭ” “སྲིད་ཇུས་བཟང་པོའི་ལས་གྲྭ”ཞེས་བརྗོད་པ་དང་། བྱ་བ་དངོས་མི་རེ་ངོ་རེ་ཚང་མ་ལས་ཨན་ཧུའེ་ཡི་བོད་སྐྱོར་བའི་གངས་ལྗོངས་ཀྱི་བརྩེ་སེམས་མཚོན་པ་དང་ལྷོ་ཁའི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྦྱིན་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།