ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།འདས་ལ་ཉེ་བའི་2015ལོའི་ལོ་གཅིག་རིང་། ས་བབ་སྨི་5100ཟིན་པའི་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་དུ་འཐབ་འཛིང་ནུས་པ་དང་སྐྱེས་འབུལ་སྙིང་སྟོབས་ཀྱིས་ཕྱུག་པའི་ཚོགས་པ་ཞིག་ཡོད་པ་དེ་ནི་ཀྲུང་གོ་གློག་འཕྲིན་ནག་ཆུ་མཚོ་གཉིས་རྫོང་གློག་འཕྲིན་ཅུས་རེད། ལས་བཟོ་བ་3ཁོ་ན་ལས་མེད་པའི་རྫོང་གློག་འཕྲིན་ཅུས་ཀྱིས་ཡུལ་དེ་གའི་50%ཡི་སྒུལ་བདེའི་འཕྲིན་གཏོང་སྤྱོད་མཁན་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་དང་ཆབས་ཅིག་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སི་དང་ནག་ཆུ་ཡན་ལག་ཀུང་སིའི་ལུགས་ལྡོག་འདེགས་སྐྱོར་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བར་བརྟེན་ནས་མཚོ་གཉིས་རྫོང་གློག་འཕྲིན་ཅུས་ཀྱིས“དཀའ་སྡུག་ཆེ་ཡང་ཚད་གཞི་དམའ་རུ་མི་གཏོང་བ་དང་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པའི”བོད་ལྗོངས་གློག་འཕྲིན་བའི་སྙིང་སྟོབས་ལག་བསྟར་བྱེད་པ་དེ་ཐོག་ནས་རྫོང་གློག་འཕྲིན་ཅུས་ཉིད་ས་བབ་སྨི་5000ལས་བརྒལ་བའི་ས་ཁུལ་ལ་ཁྱབ་སྤེལ་བཏང་བ་མ་ཟད། ཡུལ་དེ་གའི་ཡོང་འབབ་ཀྱི་ཁྲོམ་རའི་བགོ་སྐལ་50%ཚད་བརྒལ་གྱི་གསར་གཏོད་མངོན་འགྱུར་བྱུང་ནས་ལོ་འགོར་གཏན་ལ་འཁེལ་བའི“ལྔ་རེ་གསུམ”གྱི་ཚད་ཤིང་རྫོང་ཅུས་ཀྱི་གསར་གཏོད་དམིགས་ཚད་ལེགས་གྲུབ་བྱུང་བ་རེད།

འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་མཚོ་གཉིས་རྫོང་གླེང་ཚེ་དེ་རྟོགས་མཁན་མང་པོ་ཡོད་མི་སྲིད་ནའང་། ཁུ་ཁུ་ཤིས་རི་མི་མེད་ཁུལ་གླེང་ན་མི་ཕལ་མོ་ཆེས་རྒྱུས་མེད་ཡིན་མི་སྲིད། མཚོ་གཉིས་རྫོང་ཁོངས་གཏོགས་ཁུལ་གྱི་སུམ་ཆ་གཉིས་ནི་ཁུ་ཁུ་ཤིས་རི་མི་མེད་ཁུལ་དུ་གནས་པ་དང་རང་བྱུང་ཆ་རྐྱེན་དཀའ་སྡུག་ཆེ་བས་སྔར་ནས་བཟུང“མིའི་རིགས་ཀྱི་སྐྱེ་ཁམས་མཐའ་ཚད་ཀྱི་ཚོད་ལྟའི་ར་བ”ཞེས་འབོད་སྲོལ་ཡོད། སྤྱིར་ན་མཚོ་གཉིས་རྫོང་གི་གནམ་གཤིས་གྲང་ངར་ཆེ་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་ཁར་གསོ་རླུང་དང་ཚྭ་མེད་ཆུ་ཧ་ཅང་དཀོན་ནའང་། མཚོ་གཉིས་རྫོང་གི་སྤྱི་ལེ་ངོས་གྲུ་ཁྲི་12ཀྱི་ས་ཆའི་ཤང་6དང་གྲོང་རྡལ་31གི་སྲིད་འཛིན་གྲོང་ཚོའི་འབྲོག་པ་ཁྲི་1.3གྱིས་ཁྱད་དུ་འཕགས་པའི་ཐེན་དབྱི་དྲ་རྒྱ་དང་འཕྲིན་གཏོང་ཞབས་ཞུ་ཉིད་སྔར་བཞིན་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། མཚོ་གཉིས་གློག་འཕྲིན་པས་རྒྱུན་གཏན་གྱི་མིའི་སྙིང་རུས་དང་། སེམས་ཤུགས། བརྩོན་འགྲུས་བཅས་ལྡབ་འགྱུར་ལ་བརྟེན་ནས་རང་བྱུང་ཁམས་དང་འགྲན་ཏེ་འབྲོག་པ་རྣམས་ལ་ཞབས་འདེགས་ཞུས་ཤིང་། ཁོང་ཚོས“ཀྲུང་གོའི་གློག་འཕྲིན་གྱི་མཚན་སྙན་ཆེད་འཐབ་འཛིང་བྱེད”ཅེས་དམ་བཅའ་བཞག་ཡོད་པ་རེད།

ཉེ་བའི་ལོ་གཉིས་རིང་། ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིའི་ཏང་ཙུའུ་དང་བོད་ལྗོངས་ཀུང་སིའི་བཟོ་ཚོགས་ཀྱིས་དཀའ་ཚེགས་ཆེ་ཞིང་ཐག་རིང་ལུང་ཁུག་ཏུ་གནས་པའི་ཅུས་ཀྱི་ལས་བཟོར་སེམས་ཁུར་དང་དགའ་གཅེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མཚོ་གཉིས་རྫོང་དུ་ཡོད་པའི་ཅུས་ཀྱི་ལས་བཟོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་སྟེ་ས་གནས་རྫོང་གྲོང་དུ་ཚང་མས་ཡིད་སྨོན་བྱེད་པའི“ལས་བཟོའི་ཁྱིམ་ཚང”བཙུགས་ཡོད། ཀྲུང་གོ་གློག་འཕྲིན་གྱིས་བོད་ལྗོངས་ཀུང་སི་ནས་ནག་ཆུ་ས་གནས་དང་གྲོང་ཁྱེར་གྱི་ཀུང་སིའི་རིམ་པ་གཉིས་བར་ལུགས་ལྡོག་ཟུར་གསུམ་ཞབས་ཞུའི་འདེགས་སྐྱོར་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་དང་། མཚོ་གཉིས་རྫོང་ཅུས་ཀྱིས་ཆོག་མཆན་ཐེངས་མང་བཀོད་པ་དང་ཁྱབ་རྒྱ་ཆེ་བའི་འདེགས་སྐྱོར་གྱི་དགོས་མཁོ་བསྐང་ཐུབ་པ་བྱུང་ནས་སྣ་མང་ཅན་གྱི་འཕྲིན་གཏོང་ཞབས་ཞུར་སྤྱོད་མཁན་གྱི་ཁས་ལེན་ཐོབ་པ་དང་ས་གནས་ཀྱི་འབྲོག་པ་མང་ཚོགས་མི་གྲངས་ཕྱེད་ཀྱིས་ཀྲུང་གོའི་གློག་འཕྲིན་གྱི་ཐེན་དབྱི་དྲ་རྒྱ་བདམས་ཡོད། 2015ལོར་མཚོ་གཉིས་རྫོང་ཅུས་ཀྱི་ལས་སྒོའི་ཡོང་འབབ་ཡོངས་རྫོགས་ཚད་བརྒལ་ལེགས་གྲུབ་བྱུང་ནས་ཐེན་དབྱི་སྤྱོད་མཁན་ལྡབ་གཉིས་ལྷག་ཙམ་མང་དུ་སོང་བ་དང་། ཡུལ་དེ་གའི་ཁྲོམ་རའི་ཡོང་འབབ་ཀྱི་བགོ་སྐལ་50%ལས་ཚད་བརྒལ་བྱུང་སྟེ་ཚད་ལྡན་གྱི་རྫོང་ཅུས་སུ་གྱུར་ཡོད།

མཚོ་གཉིས་རྫོང་གློག་འཕྲིན་ཅུས་བཙུགས་ནས་ལོ་15སོང་རིང“མི་སེམས་འགུལ་བའི་ཀྲུང་གོའི་གློག་འཕྲིན་མི་སྣ”དང“ཆེས་མཛེས་སྡུག་ལྡན་པའི་བོད་བྱང་ཐང་གི་གཞོན་ནུ”སོགས་ཕུལ་དུ་བྱུང་བའི་མི་སྒེར་མང་པོ་ཐོན་ཡོད་ལ“2014ལོའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ”དང“2015ལོའི་ཀྲུང་གོ་གློག་འཕྲིན་ཚོགས་པའི་དཔེ་བཟང་ལས་བཟོའི་ཁྱིམ་ཚང”གི་ཚོགས་པའི་དམིགས་བསལ་གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད། མཚོ་གཉིས་རྫོང་གློག་འཕྲིན་ཅུས་བཙུགས་པ་དེས་སྤྱི་ཚོགས་ཀྱི་ཕན་འབྲས་དེ་དཔལ་འབྱོར་གྱི་ཕན་འབྲས་ལས་ཆེས་ཆེ་བ་ཡོད་པ་དེ་ཁུ་ཁུ་ཤི་རིར་གནས་པའི་ཉི་ནུས་འཕྲིན་གཏོང་སྦྲེལ་ཚུགས་དང་འདྲ་བར་འགྱིང་ངེར་གནས་ཏེ་ཡུལ་སྐོར་བར་བདེ་འཇགས་ཚོར་སེམས་ཤིག་མང་དུ་ཕྱིན་པ་ཇི་བཞིན་ས་གནས་ཀྱི་འབྲོག་པར་ཡང་ཕྱི་ཕྱོགས་དང་འབྲེལ་བ་བྱེད་ལམ་ཞིག་མང་དུ་ཕྱིན་ཡོད་པ་རེད། མཚོ་གཉིས་རྫོང་གློག་འཕྲིན་ཅུས་ལ་ཁོར་ཡུག་ཆ་རྐྱེན་ཧ་ཅང་གཞན་ཡང་དེ་ལྟ་བུའི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་བོད་ཀྱི་གློག་འཕྲིན་མི་སྣའི་སྲ་ཞིང་བརྟན་པའི་བློ་སྟོབས་དང་སེམས་ཤུགས་མངོན་ཡོད་ལ། ཀྲུང་གོ་གློག་འཕྲིན་གྱིས་འཛམ་གླིང་ཡང་རྩེའི་དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་ནང་ས་གནས་ཀྱི་མི་སེར་ཚོར་ཁྱད་དུ་འཕགས་པའི་འཕྲིན་གཏོང་དྲ་རྒྱའི་ཞབས་འདེགས་ཞུ་ཐུབ་པ་སླར་ཡང་ར་སྤྲོད་བྱུང་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།