ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཐོ་འགོད་མ་རྩ་ཁས་ལེན་ལམ་ལུགས་དང“སྔོན་ལ་ལས་གཉེར་ལག་ཁྱེར་ལེན་པ་དང་རྗེས་སུ་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་ལེན་པ” “ལག་ཁྱེར་གསུམ་སྒྲིལ”སོགས་ཚོང་དོན་ལམ་ལུགས་སྒྱུར་བཅོས་བྱེད་ཐབས་ལས་ཁེ་སྤོགས་སྔར་བས་མང་དུ་སོང་སྟེ་བོད་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད། སྒྱུར་བཅོས་བྱས་ནས་ཟླ་བ་21ཕྱིན་ཚུན། བོད་ལྗོངས་སུ་ཆ་སྙོམས་ཉིན་ལྟར་ཚོང་དུད་109འཕར་ནས་སྤྱི་འབོར་དང་ཐོ་འགོད་མ་རྩའི་གཞི་ཁྱོན་དུས་མཚུངས་སུ་འཕར་བའི་ཁྱད་ཆོས་མངོན་ཡོད།

བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་གྲངས་གཞི་ལས་མངོན་གསལ། ཟླ་11པའི་ཟླ་མཇུག་བར་བོད་དུ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཚོང་དུད་ཁྲི་15.2ཡོད་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་3912.4ཟིན་པ་དེ་དུས་མཚུངས་ལས་40.6%དང་28%སོ་སོར་འཕར་བའི་ཁྲོད་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཅས་ཀྱི་གྲངས་འབོར་དུས་མཚུངས་ལས་40.5%དང་། 40.4% 48.6%བཅས་སོ་སོར་འཕར་བ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་93.84ཟིན་ནས་དུས་མཚུངས་ལས་65.4%འཕར་ཡོད་པ་རེད།

ཁྲོམ་རའི་ཆོག་འཐུས་ཚད་གཞི་དམའ་རུ་ཕྱིན་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བརྒྱུད། ས་གནས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་ཞབས་ཞུའི་ལས་རིགས་ཀྱིས་ལས་ཞུགས་ལ་ཁྲིད་སྟོན་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། བོད་ལྗོངས་སུ་མིག་སྔར་གྲགས་ཅན་ཚོང་རྟགས་13དང་། རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་89 ས་གཤིས་མཚོན་རྟགས་13 ཐོ་འགོད་ཚོང་རྟགས་བསྡོམས་4548བཅས་ཡོད་པ་རེད།

ཁྲོམ་རའི་བྱེད་པོའི་གྲངས་ཚད་དང་རིགས་མང་དུ་ཕྱིན་པ་དེས་ལས་རིགས་གཅིག་པའི་འགྲན་རྩོད་འཕྲད་སྲིད་པས་ཁྲིམས་ལུགས་ཅན་དང་སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་དགོས་ངེས་རེད། ཟླ་10པའི་ཟླ་མཇུག་བར་བོད་ལྗོངས་སུ་ཁྱོན་དཔལ་འབྱོར་གྱི་ཁྲིམས་འགལ་སྒྲིག་འགལ་གྱོད་གཞི་2177ཞིབ་བཤེར་ཐག་གཅོད་བྱས་པར་གྱོད་འབྲེལ་དངུལ་སྒོར་ཁྲི་484.67དང་ཉེས་ཆད་དང་གཞུང་བཞེས་བཏང་བའི་དངུལ་སྒོར་ཁྲི་295.02ཟིན་ནས་ཁྲོམ་རའི་གོ་རིམ་བརྟན་པོའི་ངང་ཚད་ལྡན་བྱུང་སྟེ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་འཕེལ་རྒྱས་ཐད་ཁོར་ཡུག་བཟང་པོ་བཏོད་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།