ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མངའ་རིས་ས་ཁུལ་གྱི་གནམ་གཤིས་བརྟག་དཔྱད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་གཉིས་རིང་ལ་འབད་བརྩོན་བྱས་པ་བརྒྱུད། རྩ་མདའ་རྫོང་དང་རུ་ཐོག་རྫོང་གི་གནམ་གཤིས་བརྟག་དཔྱད་ཅུའུ་དངོས་སུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་ལ། མི་འགྱང་བར་སྒོ་བྱང་འགེལ་རྒྱུ་ཡིན་པས། དེ་ལས་མངའ་རིས་ས་ཁུལ་གྱི་གནམ་གཤིས་བརྟག་དཔྱད་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་མཚོན།

རྒྱུས་ལོན་ལྟར་ན། བོད་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི《བོད་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་ལས་དོན་མཆོང་བརྒལ་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་བའི་གྲོས་ཡིག》དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གི《རྫོང35ཡི་གནམ་གཤིས་བརྟག་དཔྱད་ཅུའུ་གསར་སྣོན་བྱ་བའི་འབྲེལ་ཡོད་བརྡ་སྦྱོར》གྱི་བླང་བྱ་ལྟར། བོད་ལྗོངས་གནམ་གཤིས་བརྟག་དཔྱད་ཅུའུ་ཡི《ལོ་ལྔའི་འཆར་གཞི་བཅུ་གཉིས་པའི》འཆར་འགོད་དང་ཟུང་དུ་འབྲེལ་ཏེ། བོད་ལྗོངས་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས2012ལོ་ནས་བཟུང་བོད་ལྗོངས་ཀྱི་རྫོང32ལ་གནམ་གཤིས་བརྟག་དཔྱད་ཅུའུ་འཛུགས་རྒྱུའི་ལས་དོན་ལ་སྐུལ་འདེད་བཏང་བ་དང་། 2013ལོར་མངའ་རིས་ས་ཁུལ་གྱི་རྩ་མདའ་རྫོང་དང་རུ་ཐོག་རྫོང་གི་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འཛུགས་སྐྲུན་རྣམ་གྲངས་སྐོར་ཁག་དང་པོའི་འཛུགས་སྐྲུན་ལས་གཞི་དུ་གཏན་ཁེལ་བྱས། རྫོང་གཉིས་ཀྱི་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འཛུགས་སྐྲུན་ལས་གཞི2014ལོའི་ལོ་མཇུག་ཏུ་ལས་མགོ་བརྩམས་ཤིང་། ལོ་གཉིས་རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད། ད་ལོའི་ཟླ10བར་ལས་གཞི་འཛུགས་སྐྲུན་དང་། སྒྲིག་ཆས་བཀོད་སྒྲིག ལས་བྱེད་མི་སྣ་གཏན་ཁེལ་བཅས་ཀྱི་བྱ་བ་ལེགས་འགྲུབ་བྱུང་ཞིང་། མི་འགྱང་བར་སྒོ་བྱང་འགེལ་རྒྱུ་ཡིན་པ་རེད།

ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། མངའ་རིས་ས་ཁུལ་གྱི་གནམ་གཤིས་བརྟག་དཔྱད་ལས་དོན་དེ་སྤྱི་སྤྱོད་གནམ་གཤིས་ཞབས་ཞུ་དང་། གནམ་གཤིས་གནོད་འཚེ་སྔོན་འགོག གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། གཞི་རིམ་གྱི་རྨང་གཞི་འཛུགས་སྐྲུན། སྤྱི་ཚོགས་བྱེད་ནུས་ལག་བསྟར་བྱེད་པ་སོགས་ཀྱི་ཕྱོགས་ནས་གྲུབ་འབྲས་ཡག་པོ་བླངས་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་བོ་བསྐྲུན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།