ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་རྟཌ་གསར་པ་གཏོད་པ་དང་མང་དུ་གཏོང་བའི་ལས་དོན་ཏན་ཏིག་ངང་སྤེལ་བ་དང་ཚོང་རྟཌ་ཐོ་འགོད་འདུན་ཞུའི་གྲངས་འབོར2010ལོའི78ནས་མིག་སྔའི500བར་མང་དུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གཞིས་རྩེ་གྲོང་ཁྱེར་བཟོ་ཚོང་སྡེ་ཚན་གྱིས“སྣོད་བཅུད་དང་སྐྱེ་ལྡན་གཞིས་རྩེར”དམིགས་ནས་གཙང་གི་ཁྱད་ལྡན་སྤུས་རྟགས་བཏོད་དེ་ཚོང་རྟགས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། སྤུས་རྟགས་ཀྱི་ནུས་པ་ཆེ་རུ་བཏང་བ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་བ། ཚོང་རྟགས་ཀྱི་གྲངས་ཚད་མགྱོགས་མྱུར་འཕར་བ་བྱས་པ། སྤུས་ཚད་བརྟན་པོའི་ངང་མཐོ་རུ་བཏང་བ་བཅས་བྱས་ཡོད། འདི་ལོའི་ཟླ་10པའི་ཟླ་མཇུག་བར་ཚོང་རྟགས་ཀྱི་སྤྱི་འབོར་503ཟིན་པའི་ནང་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་20དང་། ཡུལ་གྱི་ཁྱད་ཆོས་མཚོན་པའི་ཚོང་རྟགས་8ཡོད་ཅིང་། གཉའ་ནང་བོད་སྨན་བཟོ་གྲྭའི“ཧྲེན་ལིས་ལིང”སོགས་ཀྱི་ཚོང་རྟགས་ནི་ཀྲུང་གོའི་སྙན་གྲགས་ཀུན་ཁྱབ་ཚོང་རྟགས་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།