ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་སྟེང་ཆེན་རྫོང་ས་མདོ་ཤང་རྨང་བརྟན་དམངས་ཕན་གཞུང་ལས་ཁང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཙོ་གནད་མངོན་གསལ་དོད་པོར་འཇོག་པ། བྱ་ཐབས་བརྟན་དུ་གཏོང་བ་བཅས་བྱས་ནས་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོའི་བྱེད་སྒོ་ཏན་ཏིག་ངང་སྤེལ་བ་རེད།

སྒྲོག་འགྲེལ་ཚོགས་ཆུང་གིས་སློབ་གསོ་གཏོང་ཡུལ་དེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་དང་། གྲོང་ཚོ་དང་ཚོགས་ཆུང་གི་ལས་བྱེད་པ། རྐང་འཛིན་ཏང་ཡོན། སློབ་གྲྭར་ཡོད་མུས་ཀྱི་སློབ་མ། སྤྱིར་བཏང་གྲོང་མི་བཅས་སུ་ཕྱེ་སྟེ། དྲིལ་བསྒྲགས་སློབ་གསོ་བཏང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་དུས་བཀག་ལྟར་ཁྲིམས་ལུགས་ཁྱབ་གདལ་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་དང་དྲིལ་བསྒྲགས་སློབ་གསོའི་འཕེལ་རིམ་གྱི་སྙན་ཞུ་ཉན་པ་སོགས་ཀྱི་བྱ་ཐབས་སྤྱད་ནས། ཤང་དེ་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་ལས་དོན་གྱི་མྱུར་ཚད་དང་གཙོ་གནད་ཁོང་དུ་ཆུད་ཐུབ་པ་བྱས་ཏེ། དུས་རིམ་ཁག་དང་ལས་འགན་ཁག་ལེགས་འགྲུབ་ཡོང་རྒྱུའི་འགན་ལེན་བྱས་ཤིང་། མིག་སྔའི་བར་ཁྱོན་བསྡོམས་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཐེངས20ལྷག་ཙམ་བྱས་པར་སློབ་གསོ་དང་ལེན་བྱེད་མཁན་མི་ཐེངས2100ལྷག་ཙམ་ཟིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།