ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་རྫོང་གསུམ་གྱི་སྤྱི་ཚོགས་ཕན་བདེ་ཁང་ནི་ལྗོངས་ཡོངས་ཀྱི“གཅིག་སྡུད་གཉིས”རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་སྙེ་མོ་དང་། འདམ་གཞུང་། སྟོད་ལུང་བདེ་ཆེན་བཅས་རྫོང་གསུམ་གྱི་ཕན་བདེ་ཁང་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་དུ་གཅིག་སྡུད་འཛུགས་སྐྲུན་བྱས་ནས་མིག་སྔར་དངོས་སུ་སྤྱོད་འགོ་ཚུགས་ཏེ་འགན་ལེན་ལྔའི་རྒན་རྒོན་278དགའ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས་ཡོད་པ་རེད།

སྙེ་མོ་དང་། འདམ་གཞུང་། སྟོད་ལུང་བདེ་ཆེན་བཅས་རྫོང་གསུམ་གྱི་སྤྱི་ཚོགས་ཕན་བདེ་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6ལྷག་ཙམ་ཡོད་པ་དང་ཁྱོན་མ་འཇོག་སྒོར་ཁྲི་9680.08ཟིན་པར་2014ལོའི་ཟླ་5པར་བསྐྲུན་འགོ་ཚུགས་པ་དང་2015ལོའི་ཟླ་5པར་ཨར་རྒྱག་ལེགས་གྲུབ་ཟིན་ཡོད། སྤྱི་ཡོངས་ཀྱི་འཆར་འགོད་ནི་སྒོ་ར་གཅིག་དང་ཁུལ་གསུམ་ཡིན་པ་དང་། བསྡོམས་ཉལ་ཁྲི་432ཡོད་པ། ཐོགས་མེད་བགྲོད་ལམ་དང་། བར་ཁྱམས་སུ་ལག་སྐྱོར་མཐོ་དམའ་གཉིས། འདྲེད་འགོག་མེ་ཟོན་ས་ངོས། སྨན་བཅོས་ཐད་སྤྱོད་པའི་གློག་སྐས། རང་སྒུལ་རྣམ་པའི་མེ་ཟོན་མ་ལག་སོགས་སྒྲིག་སྦྱོར་བྱས་ཡོད། མིག་སྔར་སྙེ་མོ་རྫོང་གི་འགན་ལེན་ལྔའི་རྒན་རྒོན་70དང་། འདམ་གཞུང་རྫོང་གི་འགན་ལེན་ལྔའི་རྒན་རྒོན་76 སྟོད་ལུང་བདེ་ཆེན་རྫོང་གི་འགན་ལེན་ལྔའི་རྒན་རྒོན་132བཅས་བདེ་བླག་ངང་ཕན་བདེ་ཁང་དུ་སྤོས་ཟིན་པ་རེད།

རྒན་རྒོན་རྣམས་ཕན་བདེ་ཁང་དུ་སྤོས་རྗེས་ཚང་མར་དགའ་སྤྲོ་དཔག་མེད་སྐྱེས་ཤིང་། ལོ་87ལ་སླེབས་པའི་རྒད་པོ་དོན་གྲུབ་ཀྱིས“དེར་གང་དགོས་དེ་འཛོམས་ཡོད་པས་སླད་ཕྱིན་འཚོ་བར་སེམས་ཁྲལ་གང་ཡང་བྱེད་དགོས་མི་འདུག”ཅེས་བཤད། རྫོང་གསུམ་གྱི་སྤྱི་ཚོགས་ཕན་བདེ་ཁང་གི་ལས་དོན་མི་སྣས་ཕན་བདེ་ཁང་ཧུར་ཐག་བསྐྲུན་ཏེ་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་རིམ་བཞིན་འཐུས་ཚང་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ། ཞབས་ཞུ་འགན་ལེན་བྱེད་ཚད་གོང་མཐོར་བཏང་ཐོག་ཕན་བདེ་ཁང་ཧྲིལ་པོའི་རྒན་རྒོན་ལ་སྔར་བས་གནས་བཟོད་བདེ་བའི་ཁོར་ཡུག་བསྐྲུན་ནས་རྒན་རྒོན་ཚོ་ཚེ་མཇུག་སྐྱིད་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།