ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་བཞི་པ་སྤེལ་ཚུན། ནག་ཆུ་ས་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། བྱེད་ཐབས་ལ་ཤུགས་སྣོན། གཙོ་གནད་མངོན་གསལ་དོད་པ། འགག་རྩ་དམ་འཛིན། མུ་མཐུད་ཤུགས་རྒྱག་པ། སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས་ས་ཁུལ་ཡོངས་ཀྱི་རྨང་བརྟན་དམངས་ཕན་བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། ནག་ཆུ་ས་ཁུལ་གྱིས་ལོ་རེར་ཕྱོགས་སྡོམ་རེ་ཡོད་པ་དང་། དུས་ཚིགས་རེར་སྤེལ་རེས་རེ་ཡོད་པ། ཟླ་བ་རེར་ཕྱོགས་སྡོམ་ཆུང་ངུ་རེ་ཡོད་པ། གཟའ་འཁོར་རེར་འཆར་གཞི་རེ་ཡོད་པ་བཅས་ཀྱི“ཡོད་པ་བཞིའི”ལས་དོན་ལམ་སྲོལ་བཙུགས་ནས། གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་དང་། ས་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་རེར་སྒོར་ཁྲི་གཅིག་གི་བྱ་བ་དངོས་སྒྲུབ་དངུལ་བཀོད་སྒྲིག་བྱས་ཐོག མི་རེར་ལོ་རེར་སྒོར་ལྔ་བརྒྱའི་ཚད་གཞི་ལྟར་རིན་པ་མི་དགོས་པའི་གཟུགས་པོར་བརྟག་དཔྱད་བྱས་ཏེ་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་རིགས་དབྱེ་དང་རིམ་པ་གཏན་འཁེལ་གྱི་ལས་དོན་སྤེལ་བ་དང་། མིག་སྔའི་བར་ས་ཁུལ་དེར་གྲོང་ཚོ་རིམ་པའི་སྔོན་ཐོན་རྩ་འཛུགས182དང་། སྤྱིར་བཏང་གི་གཞི་རིམ་རྩ་འཛུགས932 རྗེས་ལུས་གཞི་རིམ་རྩ་འཛུགས76བཅས་ཡོད་པ་མ་ཟད། ད་དུང་དག་ཐེར་ཇུས་གཞི་བཟོས་ནས་གནས་སྤོར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ“ཉམས་ཞན་གཅིག”གི་གནད་དོན་ཐག་གཅོད་བྱས་ཡོད། མཚན་མོའི་སློབ་གྲྭ་གཉེར་བ་དང་ཆ་སྒྲིག་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད། “གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཆིག་སྟོང་གི་རིག་གནས་བྱང་ཚད་མཐོར་གཏོང་གསོ་སྦྱོང་འདུ་འགོད”ལག་བསྟར་བྱས་ཤིང་། མིག་སྔའི་བར་གྲོང་ཚོའི་ལས་བྱེད་པ་མི་ཐེངས1800ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ལ་ཏང་ཞུགས་ཧུར་བརྩོན་ཅན3995གསོ་སྐྱོང་བྱེད་རོགས་བྱས་པ་མ་ཟད། ད་དུང་ཞིང་འབྲོག་པའི་ཏང་ཡོན1884འཕེལ་རྒྱས་བཏང་བ་བཅས་རེད།

ཞིབ་བཤེར་ལམ་ལུགས་འཛུགས་སྐྱོང་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། ནག་ཆུ་ས་ཁུལ་གྱིས་སྐོར་སྐྱོད་ཞིབ་བཤེར་ཚོགས་ཆུང་གསུམ་བཙུགས་ནས་ཟླ་བ་རེར་ལྟ་སྐུལ་སློབ་སྟོན་ཞིབ་བཤེར་ཐེངས་རེ་དང་ཐེངས་རེའི་དུས་ཡུན་གཟའ་འཁོར་གཉིས་ལས་མི་ཉུང་བ་བྱས་པ་དང་། རྫོང་ཁག་གིས་རང་བཤེར་དང་། སྐོར་སྐྱོད་ཞིབ་བཤེར། ས་གནས་ས་ཐོག་ཏུ་ཞིབ་བཤེར་བཅས་ཟུང་འབྲེལ་བྱེད་པའི་བྱེད་སྟངས་སྤྱད་དེ“ལས་འགན་བརྒྱད”དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་བ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་དོན་འགན་འཁྲི་དང་། རྣམ་གྲངས་དོ་དམ་བྱེད་ཐབས། དགོངས་ཞུ་སོགས་ཀྱི་ལམ་ལུགས30ལྷག་ཙམ་བཙུགས་པ་དང་། འཐུས་ཚང་དུ་བཏང་ནས། ལམ་ལུགས་ཀྱི་གཅུན་འདེམས་རང་བཞིན་ཆེ་རུ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། དུས་ཐོག་ཏུ་སློབ་གསོ་གཏོང་བ་དང་ཁ་བརྡ་བྱས་ནས་དྲན་སྐུལ་བྱས་པ་རེད།

གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་རྒྱུ་དེ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་བྱེད་ཐབས་གཙོ་བོར་བརྩིས་ཐོག་རྒྱལ་གཅེས་རིང་ལུགས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཀྱི་བསམ་བློ་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་། རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་བཞི་པ་སྤེལ་ཚུན། ཏང་གི་དྲིན་ཚོར་སློབ་གསོའི་ཚོགས་ཆེན་ཐེངས8033འཚོགས་པ། སྲིད་ཇུས་སྒྲོག་འགྲེལ་ཚོགས་ཆེན་ཐེངས8514འཚོགས་པ་དང་། བོད་གསར་རྙིང་བསྡུར་པའི་འགྲེམས་སྟོན་ཐེངས6039བྱས་ཤིང་། མང་ཚོགས་ལ་སློབ་གསོ་ཐེབས་ཚད100%ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།