ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན་གྱི་ཕྱི་དྲོ། བདེ་ཆེན་ཁུལ་གྱི་དགུན་དུས་ཀྱི་གནས་སྐོར་སྐུལ་སྤེལ་ཚོགས་འདུ་ཁུན་མིན་ནས་འཚོགས། སྐུལ་སྤེལ་ཚོགས་འདུའི་སྟེང་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་ལྗོངས་རྒྱུ་ཁུལ་དང་གནས་སྐོར་ལས་དོན་ཁང་གི་འགན་ཁུར་བས་བདེ་ཆེན་ཁུལ་གྱི་གནས་སྐོར་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་མ་ཟད། བརྙན་ཟློས་དང་འདྲ་པར། གླུ་གར་སོགས་ཀྱི་རྣམ་པར་བརྟེན་ནས་བདེ་ཆེན་ཁུལ་གྱི་དཔེ་མཚོན་ལྡན་པའི་མི་ཆོས་དང་རང་བྱུང་མཛེས་ལྗོངས་འགྲེམ་སྟོན་གསར་བོར་བྱས། དེ་དང་མཉམ་གཅིག་ཏུ་དགུན་དུས་ཀྱི་གནས་སྐོར་ལམ་ཐིག4བཏོན། 

གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོར་བདེ་ཆེན་ཁུལ་གྱིས་གནས་སྐོར་ཁོར་ཡུག་ཕྱོགས་བསྡུས་ངང་བཅོས་སྒྲིག་དང་འཛུགས་སྐྲུན་བྱས་ཏེ“མཛེས་སྡུག་ལྡན་པའི་བདེ་ཆེན”ཞེས་པའི་ཆེད་དོན་བྱ་འགུལ་སྤེལ་ཏེ། གནས་སྐོར་ཁྲོམ་རའི་ཁྲིམས་སྐྱོང་ཞིབ་བཤེར་ནུས་ཤུགས་ཇེ་ཆེར་གཏོང་བ་དང་། གནས་སྐོར་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ཆབས་གཅིག་གནས་སྐོར་ཁྲོམ་རའི་དྲིལ་བསྒྲགས་ནུས་ཤུགས་མུ་མཐུད་དུ་ཇེ་ཆེར་བཏང་ནས། དྲིལ་བསྒྲགས་བྱེད་ཐབས་གསར་སྐྲུན་དང་། ཁྲོམ་རའི་ཉོ་ཚོང་ལ་ཤུགས་སྣོན་སོགས་བྱས་ནས2016ལོར་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བའི་མི་གྲངས་ཁྲི1600ལ་སླེབས་ཏེ་གནས་སྐོར་སྤྱིའི་ཡོང་སྒོར་དུང་ཕྱུར150མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།