ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས14ཉིན་གསར་འགོད་པས་བོད་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ནོར་སྲིད་པུའུ། བོད་ལྗོངས་ནོར་སྲིད་ཐིན་གྱི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་སྒོར་དུང་ཕྱུར19.4164(ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར13.8549བཏང་བ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་དུང་ཕྱུར5.5615བཏང་བ)རྩིས་སྤྲོད་བྱས། ལོ་ལྔའི་འཆར་འགོད་བཅུ་གཉིས་པར་མ་དངུལ་སྒོར་དུང་ཕྱུར8(རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་སྒོར་དུང་ཕྱུར6.6དང་། འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་སྒོར་དུང་ཕྱུར1.4)ཀྱི་འཆར་གཞི་ཡོད་པའི་རྨང་གཞི་སྟེང་མ་དངུལ་སྒོར་དུང་ཕྱུར11བརྩོན་ལེན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་མ་དངུལ་ལྡབ2.5ལྷག་ཚད་ལས་བརྒལ་ནས་ལེགས་འགྲུབ་བྱུང་། ལྷག་པར་དུ2013ལོར་བཏང་བའི་མ་དངུལ་སྒོར་དུང་ཕྱུར3.18ལ་བསླེབས་པ་དེ2012ལོ་དང་བསྡུར་ན40%ཡས་མས་འཕར་ཡོད་ཅིང་། ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་སྐབས་སུ་ལོ་རེར་ཆ་སྙོམས་སུ20%ཡས་མས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།