ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་མཇུག་བར་ཆབ་མདོ་གྲོང་ཁྱེར་དུ་རོང་འབྲོག་མང་ཚོགས་ཚན་རྩལ་ཆེད་མངག་པ་འཕེལ་རྒྱས་སུ་སོང་ནས2284ལ་བསླེབས་པ་དང་། རོང་འབྲོག་པའི་ཚན་རྩལ་ཆེད་མངག་པའི་བྱ་བ་དང་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི1142རྩིས་སྤྲོད་བྱས། དེ་སོ་སོ་ནས2011ལོ་དང་བསྡུར་ན་མི་སྣ1981དང་མ་དངུལ་སྒོར་ཁྲི990.5འཕར་སྣོན་བྱུང་ཡོད།  དེ2011ལོ་ལས653%འཕར་ཏེ་གྲོང་ཚོ་རེར་རོང་འབྲོག་པའི་ཚན་རྩལ་ཆེད་མངག་པ2རེ་ཡོད་པ་དང་། ཚན་རྩལ་ཆེད་མངག་པ་ཡོངས་སུ་ཁྱབ་པའི་དམིགས་འབེན་མངོན་འགྱུར་བྱས།  

2005ལོར་ཆབ་མདོ་གྲོང་ཁྱེར་དུ་ཚན་རྩལ་ཆེད་མངག་པའི་བྱ་བ་ལག་བསྟར་བྱས་པ་ནས་བཟུང་རོང་འབྲོག་པའི་ཚན་རྩལ་ཆེད་མངག་པས་བེད་སྤྱོད་ལག་རྩལ་སྔོན་ཐོན་ནང་འདྲེན་དང་། ཞིང་ཕྱུགས་ལས་ཐོན་ལས་ཅན་ཏུ་གྱུར་པར་སྐུལ་འདེད་བཏང་ནས། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་དང་། དཔལ་འབྱོར་འཕར་ཚད་གསར་བ་གསོ་སྐྱོང་བྱས་ནས། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་བ་དང་། སྤྱི་ཚོགས་དཔལ་འབྱོར་མཐུན་འགྲིག་ངང་གོང་དུ་འཕེལ་བར་བར་ཐག་མེད་པའི་ཞབས་ཞུ་ནུས་ཤུགས་བཏོན་ཡོད་པ་རེད།  ། 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།