ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། མངའ་རིས་ས་ཁུལ་གྱི་རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་བྱ་བ་དེ་ལས་ཞུགས་དང་། དམངས་འཚོ། བརྟན་རླིང་བཅས་ལ་འགན་སྲུང་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་ནས། ནུས་རྩལ་གསོ་སྦྱོང་བྱ་བར་ཤུགས་སྣོན་དང་། རོང་འབྲོག་པའི་བྱང་ཚད་དང་ལས་ཞུགས་ནུས་ཤུགས་མཐོར་འདེགས་བྱེད་རྒྱུ་གཞིར་བཟུང་སྟེ། མང་ཚོགས་ལ་ལས་ཞུགས་སྟེགས་བུ་དང་ལས་ཞུགས་གོ་སྐབས་བསྐྲུན་པ་དང་། རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་བྱ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་བར། ཕན་ནུས་ལྡན་པའི་སྒོ་ནས་ས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་རླིང་བྱ་བར་སྐུལ་འདེད་བཏང་།

རྒྱུས་ལོན་ལྟར་ན། ད་ལོར་མངའ་རིས་ས་ཁུལ་གྱིས་བསྡོམས་པས་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ཐད་ཀྱི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས81སྤེལ་ཏེ། མི2749ལ་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་ཚད་མཐུན་ཚད90%ལ་བསླེབས་པ་དང་། ལས་ཞུགས་བྱེད་ཚད68%ལ་བསླེབས། རོང་འབྲོག་པའི་ངལ་རྩོལ་བར་ལས་ཞུགས་སྤོ་སྒྱུར་བྱེད་ཚད་མི་ཐེངས15658ཡོད་པ་དང་། མི8021གི་ལས་ཞུགས་སྤོ་སྒྱུར་བྱས་ནས། ངལ་ལས་ཡོང་སྒོ་སྒོར་ཁྲི5500མངོན་འགྱུར་བྱས་ཏེ། ལོ་འགོའི་དམིགས་འབེན་ལས་འགན་མི་ཁྲི0.8ཡི100.3%ལེགས་འགྲུབ་བྱུང་བ་དང་། དམིགས་འབེན་ལས་འགན་མ་དངུལ་སྒོར་དུང་ཕྱུར0.49ཡི112.2%ལེགས་འགྲུབ་བྱུང་། དེའི་ནང་། གསོ་སྦྱོང་བརྒྱུད་དེ་མི1869ལས་ཞུགས་ཐུབ་པ་དང་། མི664ཡིས་ལས་ཞུགས་གསར་གཏོད་བྱས། ད་མིན་རོང་འབྲོག་པ287རྩ་འཛུགས་བྱས་ཏེ་སྤྱི་ཚོགས་རང་བཞིན་གྱི་ལས་རིགས་ནུས་རྩལ་གསལ་འབྱེད་ལ་ཞུགས་ཤིང་། མི256ལས་རིགས་ནུས་རྩལ་གསལ་འབྱེད་བརྒྱུད་དེ་ལས་རིགས་ཐོབ་ཐང་དཔང་ཡིག་བླངས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།