ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་ནི་རྒྱལ་ཁབ་རིམ་པའི་མི་ཆོས་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ལྟེ་གནས་གལ་ཆེན་གཅིག་པུ་ཡིན་པའི་ཆ་ནས། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གིས“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”སྐབས་སུ《ཀྲུང་གོ་བོད་རིག་པའི་རྩོམ་རིག་གནད་བསྡུས(རྒྱ་ཡིག་གི་པར་གཞི)》པར་སྐྲུན་བྱེད་རྒྱུ་ཡིན་ལ། བོད་རིག་པའི་གཞི་གྲངས་མཛོད་དང་། མུ་འབྲེལ་དཔེ་ཚོམ། རིག་གཞུང་ཚན་ཁག་ལ་ཤེས་ཡོན་གྱི་མིང་བཏགས་གནང་བ་སོགས་ཀྱི་ཕྱོགས་ལ་འཛུགས་སྐྲུན་དང་དར་སྤེལ་གཏོང་རྒྱུ་རེད།

རང་རྒྱལ་གྱི་བོད་རིག་པའི་ཞིབ་འཇུག་གི་འཕེལ་རྒྱས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་ད་ལྟ་བོད་རིག་པ་ནི་འཛམ་གླིང་གི་མི་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་རིག་གཞུང་ཚན་ཁག་ཅིག་དུ་གྱུར་ཡོད་པ་མ་ཟད ། ཞིབ་འཇུག་གི་ཁྱབ་ཁོངས་ཀྱང་མུ་མཐུད་དུ་རྒྱ་བསྐྱེད་བཞིན་ཡོད། 2012ལོར་བོད་ལྗོངས་སློབ་ཆེན་གྱིས་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་མི་ཆོས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་དུས་དེབ《ཀྲུང་གོ་བོད་རིག་པའི་རྩོམ་རིག་གནད་བསྡུས(བོད་ཡིག་གི་པར་གཞི)》ཞེས་པ་རྩོམ་སྒྲིག་བྱས་ཏེ་བསྟུད་མར་དེབ་ཐེངས3པར་སྐྲུན་བྱས་ཡོད་ལ། དེ་རིག་གཞུང་ལས་རིགས་གང་མང་ཞིག་གིས་ཕྱོགས་གང་ཐད་ནས་ཁས་བླངས་ཡོད་པས། ད་ལྟའང་མུ་མཐུད་དུ《ཀྲུང་གོ་བོད་རིག་པའི་རྩོམ་རིག་གནད་བསྡུས(རྒྱ་ཡིག་གི་པར་གཞི)》པར་སྐྲུན་བྱེད་རྒྱུ་ཡིན་པ་རེད།  ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།