བྲག་གཡབ་རྫོང་རང་གྲུབ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མས་ནན་ཏན་ངང་སློབ་ཚན་ཉན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔ་ཚན་བཅུ་གཉིས་པའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར ༢༡.༣ བཏང་ནས། སློབ་གྲྭའི་ཁང་པ་སྨིས་ངོས་གྲུ་ཁྲི ༤༠ གསར་སྐྲུན་དང་སྨིས་ངོས་གྲུ་ཁྲི ༨༧ བསྐྱར་སྐྲུན་བྱས་པར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གིས། ས་གནས་ནོར་སྲིད་ཁྲོད་ནས་སློབ་གསོའི་ལྷན་སྦྱར་མ་དངུལ་ལོ་ལྟར་སྒོར་དུང་ཕྱུར ༡ ལས་མི་ཉུང་བ་གཏོང་བ་དང་༢༠༡༤ ལོར་ལྷན་སྦྱར་མ་དངུལ་སྒོར་དུང་ཕྱུར ༢.༡༩ བཏང་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་འོས་འགན་སློབ་གསོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་འདུ་འགོད་དང་། ཆ་རྐྱེན་དཀའ་ཚེགས་ཆེ་ཞིང་ཐག་རིང་ལུང་ཁུག་གི་གྲོང་གསེབ་དགེ་རྒན་གྱི་ལས་ཤག་འདུ་འགོད། བུ་བཅོལ་སློབ་གསོ་ཁྱབ་གདལ་གཏོང་རྒྱུར་སྐུལ་སྤེལ་གཏོང་བའི་འདུ་འགོད་སོགས་ལག་ལེན་བསྟར་བས་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།