ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉི་མ་དམར་པོ་བོད་སྨན་སྨན་རྩྭ་འདེབས་འཛུགས་ལྟེ་གནས་ཀྱི་ལས་དོན་མི་སྣས་ཀོ་ཤ་སྐྱེ་ཚུལ་ལྟ་ཞིབ་བྱེད་བཞིན་པ། ཉིང་ཁྲི་ས་ཁུལ་སྨན་གླིང་རྫོང་གི་གནམ་གཤིས་དྲོད་གཤེར་ཆེ་བས་སྨན་རྩྭ་འདེབས་འཛུགས་ལ་ཧ་ཅང་འཚམ་པོ་ཡོད་པ་དང་། སྨན་རྩྭ་རིགས ༣༠༠༠ ལྷག་སྐྱེ་རྒྱུ་ཡོད་པས། སྨན་རྩྭའི་བཤམས་སྟོན་ཁང་དང་སྨན་གྱི་བང་མཛོད་ཅེས་འབོད་སྲོལ་ཡོད་པ་རེད། སྨན་གླིང་རྫོང་བམ་གྲོང་གྲོང་ཚོ་ཉི་མ་དམར་པོ་བོད་སྨན་སྨན་རྩྭའི་འདེབས་འཛུགས་ལྟེ་གནས་ཀྱི་འགན་ཁུར་བ་ཉི་མས། ད་ལྟ་སྨན་རྩྭ་འདེབས་འཛུགས་ལྟེ་གནས་ལ་རྒྱ་ཁྱོན་མུའུ ༡༦༠ ཡོད་པ་དང་། སྡོང་ཕུང་དྲོད་ཁང་སྟར་པ ༡༡ དང་ཀོ་ཤ་དྲོད་ཁང་སྟར་པ ༡༦ སོགས་སྐྲུན་ཡོད་པས། ན་ནིང་ཡོང་འབབ་སྒོར་ཁྲི་ཚོ ༡༨༠ ཟིན་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་མ་དངུལ་སྒོར་ཁྲི་ཚོ ༡.༥ ཟིན་ཡོད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།