ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་དཔལ་མགོན་རྫོང་ཁོར་ཡུག་སྲུང་སྐྱོང་ལས་དོན་སྙན་ཞུའི་ཚོགས་ཆེན་ཐོག་ཤེས་རྟོགས་བྱུང་བར། དཔལ་མགོན་རྫོང་གིས་2016ལོར་རྫོང་དེའི་ཤར་ངོས་ཀྱི་བྱང་ལུང་མ་ཆུའི་འདམ་རར་འདམ་རའི་སྤྱི་གླིང་སྲུང་སྐྱོང་ཁུལ་བསྐྲུན་རྩིས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོར་དཔལ་མགོན་རྫོང་འདི་ཉིད་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་མིང་ཐོའི་ནང་བླུགས་པ་ནས་བཟུང་། རང་སྐྱོང་ལྗོངས་ཀྱིས་རྫོང་དེར་རིམ་རྩིས་བྱས་ན་སྣོད་བཅུད་ཕྱོགས་སྒྱུར་མ་དངུལ་ཁྲི1237སྤྲད་པ་ལས། ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ་སོགས་ལ་མ་དངུལ་སྒོར་ཁྲི689.41བཏང་བ་རེད། རྫོང་དེས་ལྷག་འཕྲོས་མ་དངུལ་སྒོར་ཁྲི547.59དེ་འདམ་རའི་སྤྱི་གླིང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་སྤྱད་ནས་འདམ་རའི་སྤྱི་གླིང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།