ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས12ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་དྲིལ་བསྒྲགས་པུའི《ཏང་འཛུགས་སྐྱོང》དུས་དེབ་ཁང་གི་བོད་དུ་ཡོད་པའི་མང་ཚོགས་ལས་དོན་གྱི་འབྲེལ་གཏུག་བྱ་ཡུལ་ཐོག་མ་དེ་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཚལ་སྣེ་གྲོང་ཚོར་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཁག་བདུན་པའི་བོད་སྐྱོར་ལས་བྱེད་པའི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་ཝང་ཕུང་ཀྲའོ་ཡིས་མང་ཚོགས་ལས་དོན་གྱི་འབྲེལ་གཏུག་བྱ་ཡུལ་བཙུགས་པ་དེས་ཕྱོགས་གཉིས་པོའི་དབར་སྤེལ་རེས་འགྲོ་འོང་བྱ་རྒྱུར་ཕན་པ་ཡོད་ལ་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དེ་བས་ལེགས་པའི་སྒོ་ནས་བརྒྱུད་བསྒྲགས་དང་གཞི་རིམ་མང་ཚོགས་ཀྱི་སྐད་སྒྲ་དེ་བས་ལེགས་པའི་སྒོ་ནས་བརྒྱུད་སྐྱེལ་ཐུབ་ནས་ཚལ་སྣེ་གྲོང་ཚོའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་མཛུབ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའི《ཏང་འཛུགས་སྐྱོང》དུས་དེབ་ཁང་ཏང་འཛུགས་སྐྱོང་དྲ་བའི་ལག་བསྟར་སྤྱི་ཁྱབ་ཙུང་ཚའེ་གཞོན་པ་ཀྲང་གོ་ལེའང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 《ཏང་འཛུགས་སྐྱོང》དུས་དེབ་ཁང་གིས་ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་ཆོག་མཆན་ཐོབ་པ་བརྒྱུད་ཆུ་ཤུར་རྫོང་ཚལ་སྣེ་གྲོང་ཚོ་དེ་ཉིད་ཀྲུང་དབྱང་དྲིལ་བསྒྲགས་པུའི《ཏང་འཛུགས་སྐྱོང》དུས་དེབ་ཁང་གི་མང་ཚོགས་ལས་དོན་འབྲེལ་གཏུག་ས་ཚིགས་ཨང་12པ་དེར་གྱུར་ཡོད་ལ་རང་ལྗོངས་ཀྱི་འབྲེལ་གཏུག་བྱ་ཡུལ་ཐོག་མ་དེའང་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།