ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ནག་ཆུ་ས་ཁུལ་གྱི་སློབ་གསོ་ལུས་རྩལ་ཅུའུ་ཡིས་དྭ་ཕྲུག1164ལ་མི་རེར་དགུན་སྐྱེལ་ལྭ་བ་ཉོ་བའི་སྒོར་མོ600རེ་བྱིན་ཏེ། ཁོ་ཚོར་དྲོན་མོའི་ངང་གྲང་ངར་ཆེ་བའི་དགུན་ཁ་རོལ་ཏུ་བཅུག

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་དགུན་སྐྱེལ་ལྭ་བ་ཉོ་བར་ཐབས་ལམ་གཉིས་ཡོད་དེ། གཅིག་ནི་ལས་ཁུངས་ཀྱིས་འགན་ཁུར་ཏེ་ཐུན་མོང་གིས་ཉོ་བ་དང་། གཅིག་ཤོས་ནི་འཛིན་བདག་སློབ་མ་དང་མཉམ་ཏུ་སོང་སྟེ་རང་འདོད་ལྟར་ཉོ་བ་དེ་ཡིན། ནག་ཆུ་ས་ཁུལ་ཐད་གཏོགས་སློབ་གྲྭའི་དྭ་ཕྲུག་སློབ་མའི་དགུན་སྐྱེལ་ལྭ་བའི་རིན་ནི་ས་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་ཐད་ཀར་མི་མངགས་ནས་སློབ་གྲྭ་རེ་རེར་སྐྱེལ་ནས་སྟེར་རྒྱུ་ཡིན་ལ། རྫོང་རིམ་པ་དྭ་ཕྲུག་སློབ་མའི་དགུན་སྐྱེལ་ལྭ་བའི་རིན་ནི་ས་ཁུལ་སློབ་གསོ་ལུས་རྩལ་ཅུའུ་ཡིས་རྫོང་རིམ་པའི་སློབ་གསོ་ལུས་རྩལ་ཅུའུ་ལ་སྤྲད་ནས་རྫོང་རིམ་པའི་སློབ་གསོ་ལུས་རྩལ་ཅུའུ་ཡིས་སློབ་མ་ཚོའི་ལག་ཏུ་སྟེར་རྒྱུ་དེ་ཡིན། ནང་ལོག་ས་ཁུལ་གྱི་དམའ་འབྲིང་དྭ་ཕྲུག་སློབ་མའི་དགུན་སྐྱེལ་ལྭ་བའི་རིན་ནི་རྨང་གཞི་སློབ་གསོ་ཚན་ཁག་གིས་འགན་ཁུར་ནས་སློབ་མ་ཚོའི་ལག་ཏུ་སྟེར་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།