ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་གྲང་ངར་ཁུལ་དང་ཐན་པའི་ཁུལ་གྱི་ཁོར་ཡུག་དང་ལས་གཞི་ཞིབ་འཇུག་ཁང་དང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་། ཧུའུ་ནན་ཚན་རྩལ་སློབ་ཆེན། ཇོ་མོ་གླང་མའི་གསའ་གཟིགས་སྲུང་སྐྱོབ་ལྟེ་གནས་བཅས་ཀྱིས་ཉེ་དུས་མཉམ་འབྲེལ་ཐོག་འགྲེམ་སྤེལ་བྱས་པའི་ཇོ་མོ་གླང་མའི་ཁུལ་གྱི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་དཔྱད་དཔོགས་ཞེས་པའི་ནང་མངོན་པར་གཞིགས་ན། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་རྐྱེན་གྱིས་དུས་རབས་གོང་མའི་ལོ་རབས་བདུན་ཅུ་པ་ནས་ད་བར་རང་རྒྱལ་གྱི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཁྱགས་རོམ་རྒྱ་ཁྱོན28%ཆུང་དུ་ཕྱིན་ཡོད།
རང་རྒྱལ་གྱི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་དེང་སྐབས་འཁྱགས་རོམ་ཁུལ1476ཡོད་པར་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ2030ཡོད། ཉེ་བའི་ལོའི་རིང་གནམ་གཤིས་དྲོ་རུ་ཕྱིན་པ་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཞིག་ལ་འགྱུར་ཡོད་པ་དང་། མཚོ་བོད་ས་མཐོ་དེ་གོ་ལ་ཧྲིལ་པོའི་འཕྲེད་ཐིག་བར་མའི་ས་ཁོངས་ནང་ནས་ས་བབ་མཐོ་ཤོས་ཀྱི་ས་ཆ་ཤིག་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་ཤུགས་རྐྱེན་ཐེབས་ཚད་མངོན་གསལ་དོད་པོ་ཡོད་པ་དང་། དེའི་ནང་ནས་ཇོ་མོ་གླང་མའི་ཁུལ་དུ་མངོན་གསལ་དེ་བས་ཆེ་བ་ཡོད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནངས།
ལིས་ཁི་ཆང་གིས་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་ཨ་སེ་པེ་ཅང་གི་ཙུང་ཐུང་ཨ་ལིས་ཡེ་ཧྥུའུ་དང་གྲོས་མོལ་མཛད།
རིག་གནས་གནས་སྐོར་ལས་རིགས་ནི་དཔལ་འབྱོར་འཕར་བའི་ཐོན་ལས་གཙོ་གནད་ཞིག་ཏུ་གྱུར་ཡོད་པ།
བོད་ཁུལ་གསར་འགྱུར།
- མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཟི་ལིང་དུ་བཙུགས་པ།
- རིག་གནས་གནས་སྐོར་ལས་རིགས་ནི་དཔལ་འབྱོར་འཕར་བའི་ཐོན་ལས་གཙོ་གནད་ཞིག་ཏུ་གྱུར་ཡོད་པ།
- མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་སྟེར་བའི་བྱ་བ་མངོན་འགྱུར་བྱུང་།
- ཁྲི་ཀ་རྫོང་གིས་ཐོན་ལས་སླར་གསོ་བྱས་ཏེ་འཕེལ་རྒྱས་ལ་ཤུགས་བསྣན་པ།
- དཔལ་འབྱོར་གླིང་ཁུལ་གྱིས་གསར་གཏོད་བྱ་ཐབས་ལ་བརྟེན་ནས་ནུས་རྒྱུ་གསར་པ་འཕེལ་རྒྱས་བཏང་བ།
- ཉིང་ཁྲི་གྲོང་ཁྱེར་གྱིས་སྨན་རྩྭ་འདེབས་འཛུགས་ལ་བརྟེན་ནས་མང་ཚོགས་དབུལ་འགྲོལ་ལམ་དུ་ཁྲིད་པ།
- ཁྱད་ལྡན་ཐོན་ལས་དེ་བས་འབུར་དུ་ཐོན་།
- གློག་བརྙན་ནང་བོད་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་མངོན་པ།
- བོད་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ཁག་གཅིག་གིས་ཁྲིམས་ཁང་གི་ལས་དོན་ལ་གཟིགས་ཞིབ་གནང་བ།