རྫ་ཡུལ་རྫོང་རོང་སྨད་གྲོང་རྡལ་གྱི་གྲོང་མིས་དྲོད་ཁང་ནང་པུ་ཤེལ་ཙེ་འདེབས་འཛུགས་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། པུ་ཤེལ་ཙེ་ལ་སྲོག་སྐྱོབ་སྨན་རྩྭ་དང་གསེར་གྱི་རྩི་ཤིང་ཞེས་པའི་མིང་གྲགས་ཡོད། དེ་ནི་སྨན་ནུས་ཆེ་བའི་རྩ་ཆེན་སྨན་རྩ་ཞིག་ཡིན་པ་མ་ཟད་འདེབས་འཛུགས་བྱས་པའི་པུ་ཤེལ་ཙེ་ལ་ཁེ་བཟང་ཧ་ཅང་གི་མཐོ་པོ་ཡོད་པ་རེད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རོང་སྨད་གྲོང་རྡལ་གྱིས་ནང་འདྲེན་བྱས་པའི་པུ་ཤེལ་ཙེ་སོགས་རྩ་ཆེའི་སྨན་རྩྭ་འདེབས་འཛུགས་དང་རྩ་ཆེའི་སྲོག་ཆགས་གསོ་ཚགས་བྱེད་རྒྱུ་ལེགས་གྲུབ་བྱུང་བས། ཐོན་ལས་གྲུབ་ཆ་དེ་སྲོལ་རྒྱུན་གྱི་འདེབས་འཛུགས་ལས་རིགས་ནས་རིམ་པ་མཐོ་ཞིང་རིན་ཐང་ཆེ་བའི་ཐོན་ལས་སུ་བསྒྱུར་ཐུབ་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། པུ་ཤེལ་ཙེའི་འདེབས་འཛུགས་རྣམ་གྲངས་ནི་ཚད་ལྡན་གྱི་དྲོད་ཁང་ནང་འདེབས་འཛུགས་བྱེད་རྒྱུ་གཙོ་བོ་བྱས་ཏེ། ཞིང་པའི་མཉམ་ལས་ཁང་དང་ཞིང་དུད་མཉམ་གཉེར་བྱེད་པའི་བྱ་ཐབས་བཟུང་ནས་ཚོད་ལྟ་དང་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།