ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་12ཚེས9ཉིན་གནས་ཚུལ་འབྱོར་གསལ། གོང་ཚེས་ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་རྣམ་རྒྱལ་གྱིས་རང་ལྗོངས་ཀྱི་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཁག་གཅིག་སྣེ་ཁྲིད་དེ་ལྷ་སར་ཡོད་པའི་རིམ་གསུམ་ཁྲིམས་ཁང་ལས་དོན་ལ་གཟིགས་ཞིབ་གནང་བ་རེད།

རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་བསོད་དར་གཟིགས་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

འཐུས་མི་དང་ཨུ་ཡོན་རྣམས་སྔ་རྗེས་སུ་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་བཅས་སུ་ཕེབས་ནས་གཏུག་བཤེར་ཞབས་ཞུའི་ཚོམས་ཆེན་དང་། ཚན་རྩལ་ཁྲིམས་ར། དཔེ་དེབ་ཁང་། བཀོད་འདོམས་ལྟེ་གནས་སོགས་ལས་སྒོའི་སྡེ་ཚན་དང་དེ་བཞིན་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་མཚེའུ་གཉིས་དང་མེ་ཏོག་རྫོང་མི་དམངས་ཁྲིམས་ཁང་དང་ཁ་པར་རྒྱག་རེས་བྱས་ཏེ་འདྲི་གཅོད་ལག་བསྟར་ལས་དོན་གྱི་ལད་མོའི་ཁྲིམས་ར་འཚོགས་པ་རེད།

གཟིགས་ཞིབ་དང་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱས་པ་བརྒྱུད་འཐུས་མི་དང་ཨུ་ཡོན་ཚོས་ལྷ་སར་ཡོད་པའི་རིམ་གསུམ་ཁྲིམས་ཁང་གི་ཁྲིམས་འཛིན་སྒྱུར་བཅོས་དང་། འདྲི་གཅོད་ལག་བསྟར། ཁྲིམས་འཛིན་ཡོངས་བསྒྲགས། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁྲིམས་འཛིན་སྒྱུར་བཅོས་གནས་ཚུལ་དང་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ་གསན་རྗེས། ཚང་མས་རིམ་ཁག་ཁྲིམས་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱེད་པ་དང་ཆབ་སྲིད་དང་། ཁྲིམས་ལུགས། སྤྱི་ཡོངས། དགོངས་དོན། གཞུང་དྲང་བཅས་ལ་སྣང་ཆེན་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་དེ་བས་ནུས་ལྡན་གྱི་ཁྲིམས་འཛིན་འགན་ལེན་བྱེད་རེ་གནང་བ་རེད།

འཐུས་མི་དང་ཨུ་ཡོན་ཚོས་བཏོན་པའི་གྲོས་འགོ་དང་བསམ་འཆར་ཐད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ངེས་པར་དུ་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱས་ཏེ་ཁྲིམས་ཁང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་ཁྲིམས་ཁང་གི་ལས་དོན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སྣ་མང་གི་ཁྲིམས་འཛིན་དགོས་མཁོ་དང་མཐུན་ཚད་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བློ་ཡིད་ཚིམ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།