ལས་དོན་མི་སྣས་ས་བོན་མེད་པའི་སྐྱེ་དངོས་འདེབས་གསོ་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་ས་མཐོའི་སྐྱེ་ལྡན་ཞིང་འབྲོག་ལས་རྨང་གཞིར་བྱས་ཏེ། སྔོན་ཐོན་ལག་རྩལ་ལེགས་བཅོས་དང་སྲོལ་རྒྱུན་ཐོན་ལས་རིམ་པ་སྤར་རྒྱུ་གཙོ་གནད་དུ་བཞག་སྟེ། ནུས་ཤུགས་ཡོད་རྒུས་ས་མཐོའི་སྐྱེ་ལྡན་བདེ་ཐང་བཟའ་རིགས་དང་ཡུལ་སྐོར་རོལ་རྩེད་སོགས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ས་མཐོའི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཏེ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་ཐོན་ཁུངས་ཁོར་ཡུག་གིས་སྩལ་བའི་སྐྱེ་ཁམས་ཁེ་ཕན་ཐོབ་པ་བྱས་ཡོད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ད་ལྟའི་བར་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱིས་ཁྱོན་མ་འཇོག་སྒོར་དུང་ཕྱུར ༤.༥༤ བཏང་ནས་ས་གཙང་བདེ་ཐང་ཐོན་ལས་རྣམ་གྲངས་ཁག ༡༥ འཛུགས་སྐྲུན་བྱས་པ་དེས། དུད་ཚང་ ༤༩༣༠ དང་མི་གྲངས ༡༤༩༤༧ ལ་ཕན་པ་ཐོབ་ཡོད། དུད་ཚང་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར ༦༠༠༠ དང་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར ༢༠༠༠ ཟིན་པས། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཐུབ་པ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཐུབ་པའི་ཁེ་གཉིས་མངོན་གྱུར་ཐུབ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།