རྒྱ་ཚ་རྫོང་གི་ཞིང་པས་ཚོང་འདུས་ཐོག་རྒྱ་ཚའི་ཤིང་ཕོར་འཚོང་བཞིན་པ།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས ༧ ཉིན། ལྷོ་ཁ་ས་ཁུལ་གྱི་སྤྱི་ལོ ༢༠༡༥ ལོའི་ཡར་ཀླུང་དངོས་ཟོག་བརྗེ་རེས་ཚོང་འདུས་ལེགས་གྲུབ་ངང་མཇུག་སྒྲིལ་བ་རེད། དུས་ཡུན་ཉིན་བདུན་གྱི་ཚོང་འདུས་ནང་ལྷོ་ཁ་ས་ཁུལ་ནས་ཐོན་པའི་ཤ་དང་མར། མི་རིགས་ལག་ཤེས་བཟོ་ལས་སོགས་དང་ནང་འདྲེན་དངོས་ཟོག་སོགས་ཚུད་པའི་ཐོན་རྫས་སྣེ་ཁ་མང་པོ་ཚོང་འདུས་ནང་ཞུགས་ཡོད། ལོ་མང་རིང་འཕེལ་རྒྱས་བཏང་བར་བརྒྱུད་ཡར་ཀླུང་ཚོང་འདུས་དེ་ཚོང་ཟོག་བརྗེ་རེས་དང་རིག་གནས་སྤེལ་རེས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐད་ལ་ཡང་གལ་ཆེའི་དོན་སྙིང་ལྡན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།