ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས“ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། འཕེལ་རྒྱས་མཉམ་སྤྱོད་བཅས་ལ་སྐུལ་འདེད་གཏོང་བ”ཞེས་པས་བརྗོད་དོན་གཙོ་བོ་བྱས་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བྱེད་སྒོ་ཤུགས་ཆེན་སྤེལ་ཞིང་། ཆབ་མདོའི་ཚན་པ73གྱི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་མི་སྣས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་ལས་དོན་དང་། ཐོན་སྐྱེད། འཚོ་བ་བཅས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་འགྲེལ་བཤད་བརྒྱབ་པས། མང་ཚོགས་མི་ཉུང་བ་ཞིག་གིས་ནན་ཏན་ངང་ཉན་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་ཆབ་མདོ་གྲོང་ཁྱེར་གྱིས་དྲིལ་བསྒྲགས་བློ་འདྲིའི་ཁྲོམ་གཞུང4དང་དྲིལ་བསྒྲགས་བློ་འདྲིའི་གནས5བཙུགས་པར་ཞུགས་མཁན་ཚན་པ73ཡོད་པ་དང་། ཁྲིམས་ལུགས་དྲིལ་བསྒྲགས་རླངས་འཁོར3བཏང་བ། འཕྲེད་འགེལ་ཡི་གེ73བཀལ་བ། དྲིལ་བསྒྲགས་དཔྱད་ཡིག་ཁྲི2ལྷག་ཙམ་སྤྲད་པ། LEDཐོག་སྟོན་ཚད73ཟིན་པ། དྲིལ་བསྒྲགས་སྒྲོམ32བསྒྲིགས་པ། བཅའ་ཁྲིམས་བློ་འདྲི་ཐེངས50ལ་ལན་བརྒྱབ་པ། ས་གནས་ས་ཐོག་ཏུ་བཅའ་ཁྲིམས་ཀྱི་ཞབས་ཞུ་ཁག2མཁོ་འདོན་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།