ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12ཚེས7ཉིན་གློག་འཕྲིན་འབྱོར་གསལ། ནག་ཆུའི་འབྲོག་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་མངོན་ནས་འབྲོག་ལས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲོག་ལས་ཐོན་རྫས་ཕྱིར་ཚོང་ཁྲོམ་ར་སྔར་བས་ཆེ་རུ་གཏོང་བ། ཁྱད་ལྡན་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ནག་ཆུའི“ས་མཐོའི་གནོད་མེད་བཟའ་བཅའི”སྣང་བརྙན་གཏོད་ཆེད། ནག་ཆུ་ས་ཁུལ་གྱིས་ཟླ12ཚེས10ནས14ཉིན་བར་འབྲོག་ལས་ཐོན་རྫས་འགྲེམས་ཚོང་ཚོང་འདུས་སྐབས་དགུ་པ་གཟབ་རྒྱས་ངང་གཉེར་རྒྱུ་ཡིན་པ་རེད།

ཐེངས་འདིའི་འགྲེམས་ཚོང་ཚོང་འདུས་ཐོག་གཙོ་བོར་འབྲོག་ལས་ཐོན་རྫས་འགྲེམས་ཚོང་གིས་སྟེགས་བུ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་དང་འབྲོག་ལས་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ་དམིགས་ཚད་དུ་བཟུང་ཐོག འབྲོག་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་དང་འབྲོག་ལས་ཐོན་ལས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད། འགྲེམས་ཚོང་ཚོང་འདུས་ཐོག“སྲིད་གཞུང་གིས་སྟེགས་བུ་བསྐྲུན་ནས་མི་སེར་ལ་འབབ་འཕར་དང་། མང་ཚོགས་ཞི་མཐུན་ནག་ཆུ་མཉམ་གཏོད་ལ་ཞུགས་རྒྱུ། འབྲོག་ལས་ཐོན་རྫས་ཕྱིར་ཚོང་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུ། འབྲོག་ལས་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་གཏོང་རྒྱུ”བཅས་ཀྱི་བརྗོད་བྱ་གཙོ་བོ་དང་། “ཞུགས་པ་ལས་ཐེ་གཏོགས་མི་བྱེད་པ་དང་ཞབས་འདེགས་ལས་འགན་གཙང་མི་ལེན་པའི”ཚོང་འདུས་གཉེར་བའི་དམིགས་ཡུལ་དང་། དྲང་གཞག་དང་། གཞུང་དྲང་། ཡོངས་བསྒྲགས་བཅས་ཀྱི་ཉོ་ཚོང་རྩ་དོན་བཅས་མཐའ་འཁྱོངས་ཀྱིས་ཁྲོམ་རའི་ལེགས་སྒྲིག་ནུས་པ་བརྒྱུད་དྲང་བཞག་དང་ཉོ་ཚོང་དང་གོ་རིམ་ལྡན་པའི་ངང་འགྲན་རྩོད་བྱས་ནས་འགྲེམས་ཞུགས་ཐོན་རྫས་ཁག་ཚོང་རྫས་སུ་འགྱུར་ཚད་མཐོ་རུ་བཏང་སྟེ་ཕན་འབྲས་ཆེ་ཤོས་ཐོན་པར་བྱ་རྒྱུ་ཡིན་པ་རེད།

ཐེངས་འདིའི་འགྲེམས་ཚོང་ཚོང་འདུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “བྱེད་སྒོ་སྤེལ་རིང་འགྲེམས་ཁུལ་གཉིས་བཀོད་སྒྲིག་བྱ་རྒྱུ་ཡིན་ཏེ། འགྲེམས་ཁུལ་དང་པོ་ནག་ཆུ་གྲོང་རྡལ་གྱི་ཐང་ཧྲེང་ཁྲོམ་རར་ཡོད་པ་དང་། འགྲེམས་ཁུལ་གཉིས་པ་ནག་ཆུ་གྲོང་རྡལ་གྱི་ལིའོ་ཉིང་ལྷོ་ལམ་དང་གྲོང་སྐོར་ལམ་གཉིས་ཀྱི་ལམ་མདོ་ནས་འཆར་ཅན་ལམ་དང་གྲོང་སྐོར་ལམ་གཉིས་ཀྱི་ལམ་མདོ་བར་ཡོད། འགྲེམས་ཚོང་ཐོན་རྫས་ནང་གཙོ་བོར་ནག་ཆུའི་ཚགས་ཤ་དང་། ལུག་ཤ་སྤུས་ལེགས། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་རྫས། མི་རིགས་ལག་ཤེས་ཐོན་རྫས་སོགས་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།