ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ནག་ཆུ་ས་ཁུལ་གྱི་དུག་འགོག་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་ཉིན་མོའི་གོ་སྐབས་དམ་འཛིན་བྱས་ཏེ། ནག་ཆུ་ས་ཨུའི་དྲིལ་བསྒྲགས་པུའུ་དང་། གུང་གཞོན་སྡེ་ཚོགས། ནག་ཆུ་ས་ཁུལ་སློབ་གསོ་ལུས་རྩལ་ཅུའུ་སོགས་ལས་ཁུངས་མཐུན་སྦྱོར་བྱས་པ་བརྒྱུད་དེ། ནག་ཆུ་ས་ཁུལ་གྱི་སློབ་འབྲིང་གཉིས་བ་ནས“བོད་རང་སྐྱོང་ལྗོངས་ཀྱི་དུག་རྫས་སྔོན་འགོག་སློབ་གསོའི་དཔེ་སྟོན་སློབ་གྲྭར”སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་རེད།

སྒོ་བྱང་འགེལ་བའི་མཛད་སྒོ་སྟེང་། ནག་ཆུ་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་མི་སྣས《ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་ནག་ཆུ་ས་ཁུལ་གྱི་སློབ་འབྲིང་གཉིས་བར“བོད་རང་སྐྱོང་ལྗོངས་ཀྱི་དུག་རྫས་སྔོན་འགོག་སློབ་གསོའི་དཔེ་སྟོན་སློབ་གྲྭའི”མཚན་སྙན་གནང་བའི་ཆོད་དོན》ཀློག་འདོན་བྱས་ཤིང་། ནག་ཆུ་ས་ཁུལ་སློབ་འབྲིང་གཉིས་བའི་སློབ་མ་བསོད་ནམས་རྡོ་རྗེ་ཡིས་སློབ་མ་རྣམས་ཀྱི་ཚབ་བྱས་ཏེ་གཏམ་བཤད་བྱས། འབྲེལ་ཡོད་སློབ་གྲྭའི་འགན་འཁུར་མི་སྣས་དུག་འགོག་སློབ་གསོའི་དཔེ་སྟོན་སློབ་གྲྭ་འཛུགས་སྐྱོང་ཕྱོགས་ནས་ཉམས་མྱོང་བརྗེ་རེས་བྱས། དེ་མིན་སློབ་གྲྭས་དགེ་སློབ400ལྷག་རྩ་འཛུགས་བྱས་ཏེ་དུག་འགོག་གློག་བརྙན་ལ་བལྟས་པར། རྒྱ་ཆེའི་དགེ་སློབ་རྣམས་ཀྱི་དུག་རྫས་རྒྱུས་ལོན་དང་། དུག་རྫས་སྔོན་འགོག་འདུ་ཤེས་དང་ནུས་བ་མཐོར་འདེགས་བྱས་པ་མ་ཟད། སློབ་གྲྭའི་དུག་འགོག་སློབ་གསོའི་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།