ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12པའི་ཚེས་6ཉིན་གནས་ཚུལ་འབྱོར་གསལ། ཟླ་12ཚེས་5ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་གྲོང་སྐོར་ལམ་སྐྲུན་པའི་སྐུལ་སྤེལ་གྱི་ཆེད་དོན་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་དང་ཅང་ཅེ་ཚོགས་འདུར་ཕེབས་པ་རེད།

ལྷ་སའི་བྱང་ངོས་ཀྱི་གྲོང་སྐོར་ལམ་དང་ལྷོ་ངོས་ཀྱི་གྲོང་སྐོར་ལམ་སྐྲུན་ཚུལ་གྱི་སྙན་ཞུ་གསན་རྗེས། ཆེ་དགྲ་ལྷས་ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་བསྐྲུན་པ་དེས་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་བཀོད་པ་སྔར་བས་ལེགས་སུ་སོང་ནས་གྲོང་ཁུལ་ནས་འགྲོ་འོང་བྱེད་སྐབས། འགྲིམ་འགྲུལ་གནོན་ཤུགས་ཞི་ལྷོད་དུ་ཆེས་ཆེར་འགྲོ་རྒྱུ་རེད། མིག་སྔར་རྔ་ཆེན་ཟམ་ཆེན་བསྐྲུན་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་བྱས་པའི་ཐོག་གྲོང་སྐོར་ལམ་གྱི་བྱང་གི་ལམ་སྐྲུན་འགོ་ཚུགས་པ་དང་། གྲོང་སྐོར་ལམ་གྱི་ལྷོ་ཡི་ལམ་དུམ་དང་སྣེའུ་ཤར་ཟམ་ཆེན་སྔོན་རྩིས་བྱས་ན་ཟླ་12པའི་ཟླ་མཇུག་ཏུ་སྐྲུན་འགོ་འཛུགས་རྒྱུ་ཡིན་པས། སྐབས་དེར“ཟམ་པ་གཉིས་དང་མ་ལམ་གཉིས”ཀྱིས་སྒྲོམ་གཞི་བྱེད་པ་དང་། ཤར་ནུབ་སྦྲེལ་བ། ཕྱོགས་བཞི་ཤར་གཏོང་ཐུབ་པ་བཅས་ཀྱི་གྲོང་ཁྱེར་གྱི་མྱུར་བགྲོད་སྐོར་ལམ་ཞིག་ཆགས་རྒྱུ་རེད་ཅེས་བསྟན་གནང་བ་རེད།

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས“ལྷ་སའི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ལས་གྲྭ་སྐྲུན་པའི་ཚོགས་འདུའི”དགོངས་དོན་དང་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལྷ་སའི་གྲོང་སྐོར་ལམ་གྱི་རྣམ་གྲངས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་གང་ལེགས་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཇུས་གཞི་སྔར་བས་ཞིབ་ཚགས་སུ་བཏང་སྟེ་འཆར་འགོད་ཞིབ་ཚགས་དང་ཨར་རྒྱག་གཟབ་ནན་བྱེད་པ་དང་དུས་མཚུངས། ཞིང་ཆེན་ལམ་གྱི་དྲ་རྒྱའི་འཆར་འགོད་དང་ཕན་ཚུན་སྦྲེལ་མཐུད་དང་། གྲོང་ཁྱེར་འཆར་འགོད་དང་ཕན་ཚུན་ཟུང་འབྲེལ། གྲོང་ཁྱེར་འཛུགས་སྐྲུན་གྱི་ལེ་ལག་ཆ་ཚང་དང་སྡེ་ཁུལ་འཛུགས་སྐྲུན་དང་སྤྱི་འདོམས། རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་དང་ཕན་ཚུན་འབྲེལ་མཐུད་བཅས་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་ཕྱོགས་ཁག་གི་སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་ལས་གྲྭ་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་ཐུབ་པའི་འགན་ལེན་བྱེད་པ། དམིགས་ཚད་གསལ་པོ་བཟོ་བ་དང་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཤར་གཏོང་དང་། ལྗང་མདོག མི་རིགས་ཁྱད་ཆོས། སྤུས་ཚད། བདེ་འཇགས་དང་བརྟན་ལྷིང་བཅས་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ་དང་། ལས་དུས་ལྡོག་རྩིས་བྱས་ཐོག་ནུས་ཤུགས་ཡོད་རྒུས་ལྟེ་བའི་གྲོང་ཁྱེར་གྱི་དཔེ་མཚོན་གཞུང་ལམ་བསྐྲུན་ཏེ་ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་ལམ་དེ་དམངས་སེམས་མཚོན་པའི་ལས་གྲྭ་དང་། བདེ་འཇགས་ལྡན་པའི་ལས་གྲྭ ཁོར་ཡུག་སྲུང་སྐྱོང་གི་ལས་གྲྭ དཔེ་མཚོན་ལས་གྲྭ་བཅས་སུ་འགྱུར་པ་བྱས་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་བར་སྒུལ་ཤུགས་གསར་པ་དེ་བས་ཆེ་བ་བསྣན་དགོས་ཞེས་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།