ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། ཁྲོན་བོད་དྲ་སྦྲེལ་རྒྱལ་ཁབ་གློག་དྲས་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་གློག་བསྒྱུར་ལྟེ་གནས་དངོས་སུ་ནང་འདྲེན་བྱས་པ་མ་ཟད་ལེགས་སྒྲིག་ཚོད་ལྟ་ལེགས་གྲུབ་བྱུང་ཡོད་པས་སྨར་ཁམས་རྫོང་སྒར་ཐོག་གྲོང་རྡལ་དང་སྤང་མདའ་ཤང་། འཇང་མི་རིགས་ཤང་། ཆུ་ཚན་ཁ་ཤང་བཅས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ4ལྷག་ལ་གློག་བེད་སྤྱོད་གཏོང་རྒྱུ་བྱུང་ཡོད། ཁྲོན་བོད་དྲ་སྦྲེལ་རྒྱལ་ཁབ་གློག་དྲས་བདེ་བླག་ངང་གློག་མཁོ་འདོན་ཐུབ་པ་དང་བསྟུན་ནས་གོམ་སྟབས་རྗེས་མར་རོང་མེ་གྲོང་རྡལ་དང་ཚོ་རྔ་ཤང་སོགས་སུ་ཡང་སྔ་རྗེས་སུ་གློག་ཤར་གཏོང་ཐུབ་པ་བྱེད་རྒྱུ་མ་ཟད། སྨར་ཁམས་རྫོང་གི་གློག་དཀོན་པའི་ལོ་རྒྱུས་ཡང་མཇུག་སྒྲིལ་ཐུབ་པ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།