ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི2015ལོའི་གློག་རྡུལ་ཚོང་དོན་གྲོང་ཚོ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་བཀོད་སྒྲིག་ཚོགས་འདུ་ལྷ་ས་ནས་བསྡུས་ཤིང་། ཚོགས་ཐོག་ནས་བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་བྱ་བ་སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱས།

བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་མིན་ཅོན་ཚོགས་འདུ་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཚོགས་འདུ་ལས་བསྟན་དོན། ད་ལོར། བོད་ལྗོངས་ཏང་ཨུའི་མགོ་ཁྲིད་དང་། ཚོང་དོན་པུའུ་ཡི་ཐུགས་ཁུར་དང་རྒྱབ་སྐྱོར་འོག བོད་ལྗོངས་ཚོང་དོན་ཐིན་གྱིས་བོད་ལྗོངས་ཀྱི་རྫོང4རྒྱལ་ཡོངས་ཀྱི་གློག་རྡུལ་ཚོང་དོན་གྲོང་ཚོ་རུ་བསྐྱོད་པའི་དཔེ་སྟོན་རྫོང་དུ་ཚུད་པར་བརྩོན་ལེན་བྱས།

ཚོགས་ཐོག་ནས། བོད་ལྗོངས་ཚོང་དོན་ཐིན་གྱིས་སོ་སོ་ནས་ལྷོ་ཁ་དང་། མངའ་རིས། ནག་ཆུ། ཆབ་མདོ་སོགས་ས་ཁུལ་གྱི་ཚོང་དོན་ཅུའུ་དང་གོང་དཀར་རྫོང་། མཚོ་ཆེན་རྫོང་། དཔལ་མགོན་རྫོང་། དཔའ་ཤོད་རྫོང་གི་མི་དམངས་སྲིད་གཞུང་གི་འགན་འཁུར་མི་སྣ་བར“གློག་རྡུལ་ཚོང་དོན་གྲོང་ཚོ་རུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་བའི་དམིགས་འབེན་འགན་འཁྲིའི་ཡི་གེ”སྟེང་མིང་ཐོ་བཀོད་པ་དང་ཆབས་ཅིག ཚོགས་འདུ་ལས་གསོ་སྦྱོང་སྤེལ་བའི་རྣམ་པ་ལྟར། གློག་རྡུལ་ཚོང་དོན་གྲོང་ཚོ་རུ་བསྐྱོད་པའི་འབྲེལ་ཡོད་ཤེས་བྱ་སྐོར་ནས་མཛུབ་སྟོན་དང་གསོ་སྦྱོང་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།