ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས3ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱིས་བསྡུས་པའི་གནས་སྐོར་ལས་རིགས་བདེ་འཇགས་ལྟ་སྐུལ་བའི་གསོ་སྦྱོང་འཛིན་གྲྭ་ནས་ཤེས་གསལ་ལྟར་ན། གནས་སྐོར་དོ་དམ་བྱ་བའི་དཀའ་ཁག་ཐག་གཅོད་བྱས་ཏེ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་ཁོར་ཡུག་ལེགས་པོ་སྐྲུན་ཆེད། སང་ལོར་ཟི་ལིང་གྲོང་ཁྱེར་གྱིས་གནས་སྐོར་བཀོད་འདོམས་པུའུ་བཙུགས་ཏེ། ཧྲི་ཀྲང་སྤྱིའི་བཀོད་འདོམས་པའི་འགན་ཁུར་ནས་གནས་སྐོར་བྱ་བ་གོ་རིམ་ཡོད་པའི་སྒོ་ནས་སྒྲུབ་པར་ཁག་ཐེག་བྱེད་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་གྱིས་ཐེངས་འདིའི་བདེ་འཇགས་ལྟ་སྐུལ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་ནི་གནས་སྐོར་ལས་རིགས་ཐད་ཀྱི་བདེ་འཇགས་ལྟ་སྐུལ་ལ་ཤུགས་བསྣན་ནས། ལས་རིགས་གཉེར་མཁན་གྱི་ཐོན་སྐྱེད་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་གཏོང་ཆེད་ཡིན། ཟི་ལིང་གྲོང་ཁྱེར་གྱིAརིམ་པའི་ཡུལ་ལྗོངས་ཁུལ་དང་སྐར་མ་རིམ་པའི་མགྲོན་ཁང་། སྐར་མ་རིམ་པའི་ཞིང་སྡེའི་གནས་སྐོར་སྣེ་ལེན་བྱེད་ས། གནས་སྐོར་རླངས་འཁོར་ཀུང་ཟིའི་བདེ་འཇགས་ལྟ་སྐུལ་བ་དང་འགན་ཁུར་མི་སྣ་སོགས་མི་བརྒྱ་ལྷག་གསོ་སྦྱོང་ལ་ཞུགས། ཚོགས་ཐོག་ཏུ་ཟི་ལིང་གྲོང་ཁྱེར་གནས་སྐོར་ཅུའུ་ཡིས་མེ་འགོག་དང་བདེ་འཇགས་ལྟ་སྐུལ་སྡེ་ཁག་ནས་ཆེད་ལས་མཁས་པ་གདན་ཞུ་བྱས་ཏེ་མེ་འགོག་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ཕྱོགས་ནས་དམིགས་ས་ཡོད་པའི་སྒོ་ནས་གསོ་སྦྱོང་བྱས།  །

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།