ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་ནས་ཟླ11པའི་ཚེས29ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་སྤྲོད་ཁང་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་སློབ་བསྡུ་རྒྱུགས་སྤྲོད་ཨུ་ལྷན་གྱིས་ཟླ11ཚེས27ཉིན་ཚོགས་འདུ་འཚོགས་ནས་ཞིབ་འཇུག་དང་མོས་མཐུན་བྱས་པ་བརྒྱུད། 2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་སྐར་གྲངས་གཏན་འཁེལ་ཟིན་ཅིང་། དར་མའི་མཐོ་རིམ་སློབ་གྲྭའི་སློབ་བསྡུའི་སྐར་གྲངས་དམའ་ཤོས་གཤམ་གསལ་ཏེ།
ཆེད་ལས་ཚན་ཁག་ནས་དངོས་གཞིའི་ཚན་ཁག་ཏུ་འགྲོ་མཁན་ཁྲོད། རིག་གནས་ལོ་རྒྱུས་དང་ཀྲུང་ལུགས་སྨན་པ་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས90དང་རྒྱ་རིགས་ཀྱི་སྐར་གྲངས120དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས70དང་རྒྱ་རིགས་ཀྱི་སྐར་གྲངས90 དཔལ་འབྱོར་དོ་དམ་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས80དང་རྒྱ་རིགས་ཀྱི་སྐར་གྲངས90 ཁྲིམས་ལུགས་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས100དང་རྒྱ་རིགས་ཀྱི་སྐར་གྲངས120 སློབ་གསོ་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས100དང་རྒྱ་རིགས་ཀྱི་སྐར་གྲངས120 ཞིང་འབྲོག་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་80དང་རྒྱ་རིགས་ཀྱི་སྐར་གྲངས110 གསོ་རིག་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས120དང་རྒྱ་རིགས་ཀྱི་སྐར་གྲངས140བཅས་རེད།
མཐོ་རིམ་སློབ་འབྲིང་ནས་དངོས་གཞིའི་ཚན་ཁག་ཏུ་འགྲོ་མཁན་ལས། རིག་གནས་ལོ་རྒྱུས་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས120དང་རྒྱ་རིགས་ཀྱི་སྐར་གྲངས145དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིགས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས95དང་རྒྱ་རིགས་ཀྱི་སྐར་གྲངས135རེད།
མཐོ་རིམ་སློབ་འབྲིང་ནས་ཆེད་ལས་ཚན་ཁག་ཏུ་འགྲོ་མཁན་ལས། རིག་གནས་ལོ་རྒྱུས་རིགས་ཀྱི་ལས་བྲལ་སློབ་གླིང་དང་སློབ་གྲྭའི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས་140དང་རྒྱ་རིགས་ཀྱི་སྐར་གྲངས150དང་། རིག་གནས་ལོ་རྒྱུས་རིགས་ཀྱི་ཡིག་སྤྲིངས་སློབ་གླིང་དང་སློབ་གྲྭའི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས85དང་རྒྱ་རིགས་ཀྱི་སྐར་གྲངས95 རང་བྱུང་རིག་པ་དང་བཟོ་སྐྲུན་རིགས་ཀྱི་ལས་བྲལ་སློབ་གླིང་དང་སློབ་གྲྭའི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས130དང་རྒྱ་རིགས་ཀྱི་སྐར་གྲངས150 རང་བྱུང་རིག་པ་དང་བཟོ་སྐྲུན་རིགས་ཀྱི་ཡིག་སྤྲིངས་སློབ་གླིང་དང་སློབ་གྲྭའི་གྲངས་ཉུང་མི་རིགས་ཀྱི་སྐར་གྲངས90དང་རྒྱ་རིགས་ཀྱི་སྐར་གྲངས115 སྒྱུ་རྩལ་རིགས་དང་ལུས་རྩལ་རིགས་སློབ་གསོ་པུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྐར་གྲངས་དམའ་ཤོས་དེ་མཐོ་རིམ་སློབ་འབྲིང་ནས་ཆེད་ལས་ཚན་ཁག་ཏུ་འགྲོ་མཁན་འབྲེལ་ཡོད་སློབ་བསྡུའི་རིགས་དང་རྒྱུགས་སྤྲོད་སློབ་ཚན་གྱི་སྐར་གྲངས་དམའ་ཤོས་ཀྱི70%གཞིར་བཟུང་ལག་བསྟར་བྱ་རྒྱུ་རེད། ལྗོངས་ཕྱིའི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་རྒྱ་རིགས་ཀྱི་སྐར་གྲངས་དམའ་ཤོས་ལག་བསྟར་བྱ་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
ལྷ་ས་གྲོང་ཁྱེར་གྱིས་དབུལ་ཕོངས་མང་ཚོགས་ཀྱི་དབུལ་གྲོལ་གོམ་སྟབས་ཇེ་མགྱོགས་སུ་བཏང་།
རྫ་ཆུའི་ཐེན་ཅིན་ཟམ་ཆེན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།
ལིས་ཁི་ཆང་གིས་ཧེ་ཧྲན་གྱི་ཙུང་ལི་ཅིག་ཁ་ནོ་ཝེ་ཆི་དང་ལ་ཐོ་ཝེ་ཡའི་ཙུང་ལི་སི་ཐུ་ལའོ་ཡུག་མ་རྣམ་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་ཅེ་ཁིའི་ཙུང་ལི་སོ་པོ་ཐུ་ཁ་དང་གྲོས་མོལ་མཛད།
བོད་ཁུལ་གསར་འགྱུར།
- བོད་ཀྱི་གནའ་སྔ་མོའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ལྷ་སར་དབུ་བརྙེས་པ།
- ལྷ་ས་གྲོང་ཁྱེར་གྱིས་དབུལ་ཕོང་དུད་ཚང་ཕྱུག་འགྱུར་ལམ་བུའི་ཐོག་སྣེ་འཁྲིད་བྱས་པ།
- པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གཟིགས་ཞིབ་གནང་བ།
- མཚོ་སྔོན་དབྱི་ཏུང་ཀུང་ཟིའི་འོད་ཟེར་ཐབ་ཚང་གིས་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱས།
- དར་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་དགུ་སྤྱད་དེ་བསྐྱར་འཛུགས་ལས་ཀ་སྤེལ།
- རྟའུ་རྫོང་གིས་གནོད་རྗེས་བསྐྱར་འཛུགས་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་།
- སྐད་སྒྱུར་པ་ཆུང་ཆུང་གིས་བསྐྱར་འཛུགས་ལས་ཀར་སེམས་ཁུར་བྱས།
- 2015ལོའི་སི་ཁྲོན་དང་བོད་ལྗོངས་བར་གྱི་གནས་སྐོར་བྱ་བའི་ལོ་ཚོགས་ལྷ་ས་ནས་བསྡུས།
- ལྷོ་ཁའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྷ་ས་ནས་རིག་རྩལ་འཁྲབ་སྟོན་བྱས།