ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་ནས་ཟླ11ཚེས29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་རེད།
རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཏུའུ་ལི་ཡིས《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས》ཞེས་པ་འགོ་བརྗོད་དུ་བྱས་པའི་སྒྲོལ་འགྲེལ་སྙན་ཞུ་བྱས་ཏེ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། བླང་བྱ་གསར་པ་བཅས་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་ཇི་ལྟར་བྱེད་པའི་ཐད་འགྲེལ་བཤད་བརྒྱབ་པ་རེད།
རྒྱ་ཆེའི་ཚོགས་ཞུགས་མི་སྣ་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ། ལོ་མཇུག་གི་ལས་འགན་ལེགས་སྒྲུབ་བྱེད་པ་དང་ཕྱི་ལོ་དང་ལྷག་པར་དུ“ལོ་ལྔ་ཚན་བཅུ་གསུམ་པའི”ལས་དོན་ཇུས་འགོད་བྱ་རྒྱུ་དང་ཟུང་འབྲེལ་བཅས་བྱས་ཐོག སློབ་སྦྱོང་བྱས་པ་བརྒྱུད་སྙིང་སྟོབས་སྔར་བས་འཕེལ་བ་དང་ཧུར་སེམས་སྔར་བས་བསྐྱེད་ནས“ལོ་ལྔ་ཚན་བཅུ་གཉིས་པའི”མཇུག་ཡག་པོ་བསྡུ་བ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
པར་རིས་གསར་འགྱུར།
ལྷ་ས་གྲོང་ཁྱེར་གྱིས་དབུལ་ཕོངས་མང་ཚོགས་ཀྱི་དབུལ་གྲོལ་གོམ་སྟབས་ཇེ་མགྱོགས་སུ་བཏང་།
རྫ་ཆུའི་ཐེན་ཅིན་ཟམ་ཆེན་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ།
ལིས་ཁི་ཆང་གིས་ཧེ་ཧྲན་གྱི་ཙུང་ལི་ཅིག་ཁ་ནོ་ཝེ་ཆི་དང་ལ་ཐོ་ཝེ་ཡའི་ཙུང་ལི་སི་ཐུ་ལའོ་ཡུག་མ་རྣམ་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་ཅེ་ཁིའི་ཙུང་ལི་སོ་པོ་ཐུ་ཁ་དང་གྲོས་མོལ་མཛད།
བོད་ཁུལ་གསར་འགྱུར།
- བོད་ཀྱི་གནའ་སྔ་མོའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས་ལྷ་སར་དབུ་བརྙེས་པ།
- ལྷ་ས་གྲོང་ཁྱེར་གྱིས་དབུལ་ཕོང་དུད་ཚང་ཕྱུག་འགྱུར་ལམ་བུའི་ཐོག་སྣེ་འཁྲིད་བྱས་པ།
- པཎ་ཆེན་རིན་པོ་ཆེ་མཆོག་ནས་བོད་ལྗོངས་ནང་བསྟན་སློབ་གླིང་དུ་གཟིགས་ཞིབ་གནང་བ།
- མཚོ་སྔོན་དབྱི་ཏུང་ཀུང་ཟིའི་འོད་ཟེར་ཐབ་ཚང་གིས་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱས།
- དར་མདོ་གྲོང་ཁྱེར་གྱིས་བྱེད་ཐབས་དགུ་སྤྱད་དེ་བསྐྱར་འཛུགས་ལས་ཀ་སྤེལ།
- རྟའུ་རྫོང་གིས་གནོད་རྗེས་བསྐྱར་འཛུགས་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་།
- སྐད་སྒྱུར་པ་ཆུང་ཆུང་གིས་བསྐྱར་འཛུགས་ལས་ཀར་སེམས་ཁུར་བྱས།
- 2015ལོའི་སི་ཁྲོན་དང་བོད་ལྗོངས་བར་གྱི་གནས་སྐོར་བྱ་བའི་ལོ་ཚོགས་ལྷ་ས་ནས་བསྡུས།
- ལྷོ་ཁའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལྷ་ས་ནས་རིག་རྩལ་འཁྲབ་སྟོན་བྱས།