ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་དང་བོད་ལྗོངས་བར་གྱི་གནས་སྐོར་བརྗེ་རེས་བྱ་བར་མུ་མཐུད་དུ་ཤུགས་བསྣན་ཏེ། ས་ཁོངས་བར་མཉམ་ལས་བྱེད་པ་དང་། ཕན་ཚུན་བར་གྱི་ནུས་ཁུངས་ཧྲག་བསྡུ་བྱས་ནས། ཞིང་ལྗོངས་གཉིས་བར་གྱི་གནས་སྐོར་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་ཆེད། ཉེ་ལམ། 2015ལོའི་སི་ཁྲོན་དང་བོད་ལྗོངས་བར་གྱི་གནས་སྐོར་བྱ་བའི་གྲོས་མོལ་ཨུ་ཡོན་ལྷན་ཁང་གིས་ལྷ་ས་ནས་སྐབས་གཉིས་པའི་ལོ་ཚོགས་བསྡུས་ཏེ། 2015ལོའི་བྱ་བ་གཙོ་བོའི་སྐུལ་སྤེལ་གནས་ཚུལ་ཕྱོགས་བསྡོམས་བྱས་པ་མ་ཟད། 2016ལོའི་ཞིང་ལྗོངས་གཉིས་བར་གྱི་གནས་སྐོར་མཉམ་ལས་ལས་དོན་ལ་མཉམ་དུ་གྲོས་མོལ་བྱས།

རྒྱུས་ལོན་ལྟར་ན། ལོ་གཅིག་གི་རིང་ལ། སི་ཁྲོན་དང་བོད་ལྗོངས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་གྱིས་ལས་དོན་གཙོ་བོར་དམིགས་ནས། མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། ཞིང་ལྗོངས་གཉིས་བར་གྱི་གནས་སྐོར་ལམ་རྒྱུད་ཀྱི་རྨང་གཞི་སྒྲིག་ཆས་དང་གནས་སྐོར་སྤྱི་སྤྱོད་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། གནས་སྐོར་ཞབས་ཞུ། ལྟ་སྐུལ་དོ་དམ་དང་། ཚོང་ར་གཏོད་པའི་ཕྱོགས་ནས་མཉམ་ལས་བྱས་པར། ཕན་ནུས་ལྡན་པའི་སྒོ་ནས་ཞིང་ལྗོངས་གཉིས་བར་གྱི་ཉིས་ཕན་མཉམ་རྒྱལ་དང་། མཉམ་དུ་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་།

ཚོགས་འདུ་ལས《ཀྲུང་གོའི་ཆེས་མཛེས་པའི་ཡུལ་ལྗོངས་ལམ་ཆེན་ཏེ318/317ཁྲོན་བོད་འཛམ་གླིང་གནས་སྐོར་བྱེད་ཡུལ》གྱི་འཆར་འགོད་སྡེབ་སྒྲིག་དང་། ཚོང་རའི་ཉོ་ཚོང་མཉམ་འབྲེལ་སོགས་ཀྱི་བསམ་ཚོད་བརྡ་ཁྱབ་བཏང་བ་མ་ཟད།《2016ལོའི་སི་ཁྲོན་དང་བོད་ལྗོངས་བར་གྱི་གནས་སྐོར་མཉམ་ལས་དོན་ཚན》ལ་གྲོས་ཞིབ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།