ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷོ་ཁ་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱ་འགུལ་ལྷ་ས་གྲོང་ཁྱེར་ནས་སྤེལ་འགོ་བརྩམས། བསྡོམས་པས་འཁྲབ་སྟོན་ཐེངས་གསུམ་སྤེལ་བ་དང་། དེའི་ཁྲོད་རྗོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་ཐེངས་གཅིག་སྤེལ་བ་དང་། རང་སྐྱོང་ལྗོངས་ཀྱི་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་ཐེངས་གཉིས་སྤེལ་བ་རེད།

2015ལོར། ལྷོ་ཁ་ས་ཁུལ་ནི་སྐོར་ཐེངས་གཉིས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུ་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་གྲོང་ཁྱེར་ཡིན་པའི་ཆ་ནས། ལྗོངས་ཕྱི་ནང་གི་ཕུལ་བྱུང་རིག་གནས་ཚོགས་པ་སོ་སོ་བར་དང་རིག་གནས་བརྗེ་རེས་བྱ་འགུལ་རབ་དང་རིམ་པ་སྤེལ་ཡོད་ཅིང་། མིག་སྔའི་བར་དུ། བསྡོམས་པས་ས་ཁོངས་རིགས་སོ་སོའི་རིག་གནས་མཉམ་འབྲེལ་བྱ་འགུལ་ཐེངས70ལྷག་སྤེལ་བ་དང་། བྱ་འགུལ་ཁྲོད་ཞུགས་མཁན་མི1000ཙམ་ཡོད་དེ། ལྟད་མོ་བ་མི་ཐེངས་ཁྲི8ལྷག་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།