ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ། ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་བྱ་བའི་ལས་དོན་གཙོ་བོ་རུ་བཟུང་ནས། སྣེ་ཁྲིད་བྱ་བར་ཤུགས་སྣོན་དང་། བྱེད་ཐབས་གསར་གཏོད་བྱས་ཏེ། དངོས་འབེབས་གཙོར་བཟུང་བས། བསྡོམས་པས་ལས་གནས20449གསར་སྤེལ་བྱས་ཤིང་། གྲོང་རྡལ་དུ་ལས་ཞུགས་མི་སྣ20941གསར་སྣོན་བྱས། རོང་འབྲོག་པའི་ནུས་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས301སྤེལ་ཏེ། མི37934ལ་གསོ་སྦྱོང་བྱས་པ་དང་། རོང་འབྲོག་ཁུལ་གྱི་ངལ་ལས་ལྷག་མ་མི་ཐེངས་ཁྲི34.6སྤོ་སྒྱུར་བྱས་ཤིང་། ལས་ཞུགས་ཡོང་སྒོ་སྒོར་དུང་ཕྱུར15བསྐྲུན། དེ་མིན་ལས་རིགས་ངོ་སྤྲོད་བྱེད་ཚད་མི་ཐེངས20936ལ་བསླེབས་པ་དང་། མི9979ཡིས་རྒྱལ་ཁ་བླངས། ཆབ་མདོ་ཐོན་ཁུངས་ཀྱི་མཐོ་སློབ་མཐར་ཕྱིན་སློབ་མ་དང་འབྲིང་རིམ་ལས་རིགས་མཐར་ཕྱིན་སློབ་མ་རྣམས་ཕལ་ཆེར་ལས་གནས་སྟེང་ཞུགས་པ་དང་། ཁྱིམ་ཚང་དུ་ལས་ཞུགས་མི་སྣ་མེད་པའི་གནས་ཚུལ་མེད་པར་བཟོས་ནས། གྲོང་རྡལ་གྱི་ལས་ཤོར་མི་སྣ2.5%ཡི་ཚུན་དུ་ཚོད་འཛིན་བྱས་ཡོད་པ་རེད།

དེ་མིན་ཆབ་མདོ་གྲོང་ཁྱེར་གྱིས་རོང་འབྲོག་ཁུལ་གྱི་ངལ་ལས་ལྷག་མ་སྤོ་སྒྱུར་ལས་ཞུགས་བྱེད་པའི་དམག་དཔུང་རང་བཞིན་གྱི་གསོ་སྦྱོང་སྤེལ་ཏེ། རོང་འབྲོག་པའི་སྒྲིག་ལམ་བརྩི་སྲུང་བྱེད་ཚད་དང་། ཀུན་སྤྱོད། ནུས་རྩལ་སྤུས་ཚད་ཇེ་མཐོར་བཏང་བ་དང་།“ སྒྲིག་ལམ་ལ་ཤུགས་སྣོན་དང་། ནུས་རྩལ་གསར་སྣོན་བྱེད་པ། སྤོ་སྒྱུར་ལ་སྐུལ་འདེད་བཏང་སྟེ། ཡོང་སྒོ་མང་དུ་བསྐྲུན་པའི”དམིགས་འབེན་མངོན་འགྱུར་བྱས་ནས། གྲོང་ཁྱེར་ཡོངས་ཀྱིས་བསྡོམས་པས་རོང་འབྲོག་ཁུལ་གྱི་ངལ་ལས་ལྷག་མ་སྤོ་སྒྱུར་ལས་ཞུགས་བྱེད་པའི་དམག་དཔུང་རང་བཞིན་གྱི་གསོ་སྦྱོང་ཐེངས301སྤེལ་ཏེ། མི37934ལ་གསོ་སྦྱོང་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།