ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་26ཉིན་ཐེན་ཅིན་གྲོང་ཁྱེར་གྱིས་བསྐྲུན་རོགས་བྱས་པའི་ཆབ་མདོ་གྲོང་ཁྱེར་གྱི“ཐེན་ཅིན་ཟམ་ཆེན”གྱི་རྣམ་གྲངས་དངོས་སུ་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད། དེ་ནི་ཐེན་ཅིན་གྲོང་ཁྱེར་གྱིས་ཆབ་མདོར་ཁ་གཏད་རོགས་སྐྱོར་ལོ་21བྱས་པ་ནས་བཟུང་གི་ལས་གྲྭ་རྐྱང་པའི་རྣམ་གྲངས་ཆེ་ཤོས་ཤིག་ཡིན་ལ་ཐེན་ཅིན་གྲོང་ཁྱེར་གྱི་ཁག་བདུན་པའི་བོད་སྐྱོར་གྱི་གཙོ་གནད་ལས་གྲྭ་དང་ཆབ་མདོ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཀྱང་རེད།

ས་བབ་མཐོ་ཚད་སྨི་3200ཡོད་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སེང་གེ་གྲོང་ཚོར་གནས་པའི་ཐེན་ཅིན་ཟམ་ཆེན་དེའི་སྔོན་མིང་ལ་སེང་གེ་གྲོང་ཚོ་བྱང་ངོས་ཟམ་ཆེན་ཞེས་བརྗོད་ཀྱི་ཡོད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་གྲོས་འགོ་བཏོན་པ་བརྒྱུད་ཐེན་ཅིན་ཟམ་ཆེན་ཞེས་མིང་བསྒྱུར་ཡོད། རྣམ་གྲངས་དེ་2014ལོའི་ལོ་སྟོད་དུ་དངོས་སུ་སྐྲུན་འགོ་ཚུགས་པ་དང་ཐེན་ཅིན་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་8000བཏང་ནས་བསྐྲུན་པ་ཞིག་རེད། རྫ་ཆུའི་སྟོད་རྒྱུད་ནས་འཕྲེད་བརྒལ་བྱས་པའི་ཟམ་ཆེན་དེའི་སྤྱིའི་རིང་ཚད་ལ་སྨི་173.5དང་ཞེང་ཚད་སྨི་23ཟིན་པ་དང་ཕྱོགས་གཉིས་སྐྱོད་ཀྱི་འཁོར་ལམ་བཞི་ལྡན་ཡིན། ཟམ་ངོས་ནི་ཁ་བཏགས་དབྱིབས་ཡིན་པ་དེ་ཐོག་ནས་ཐེན་ཅིན་གྲོང་ཁྱེར་དང་བོད་ཀྱི་ཆབ་མདོ་གྲོང་ཁྱེར་དབར་མཛའ་མཐུན་ཡུན་ནས་ཡུན་དུ་གནས་རྒྱུ་ཡིན་པ་མཚོན་ཡོད་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།