ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆབ་མདོ་ནས་ཟླ11པའི་ཚེས25ཉིན་གློག་འཕྲིན་འབྱོར་གསལ། ཚེས25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་གིས་ཆབ་མདོ་གྲོང་ཁྱེར་དུ་གྲོང་གསེབ་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་ཞབས་ཞུའི་ནུས་པར་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏང་ཡོན་གྱི་སློབ་གསོ་དོ་དམ་ནན་པོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་བཞིན་ཡུན་རིང་བདེ་འཁོད་བཅས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་ཡུག་ཤོད་གྲོང་ཚོར་ཙེང་དབན་མིང་གིས་གྲོང་ཚོ་དེ་གའི་དམངས་ཕན་ཞབས་ཞུའི་ས་ཚིགས་དང་འཕྲོད་བསྟེན་ཁང་། དཔེ་མཛོད་ཁང་སོགས་ཀྱི་སྒྲིག་བཀོད་ལ་ལྟ་ཞིབ་ནན་ཏན་གནང་ཐོག གྲོང་ཚོའི་བྱེད་སྒོ་སྤེལ་ཡུལ་གྱི་བེད་སྤྱོད་དང་དོ་དམ་གྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲའི་གནང་ནས། གྲོང་ཚོའི་བྱེད་སྒོ་སྤེལ་ཡུལ་གྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཧྲུའུ་ཅི་ཁྲེན་ཆོན་གོས་ཚན་ཁག་གི་འགོ་གཙོ་གནང་བའི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་གཞིགས་ནས། གྲོང་གསེབ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་འགན་འཁྲི་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ། འགག་རྩའི་དུས་སུ་མདུན་དུ་མཆོངས་ཐུབ་པ་བྱེད་དགོས། ཏང་གི་ཞིང་པ་སྟོབས་ཆེན་དང་ཞིང་ཕན། ཞིང་ཕྱུག་གི་སྲིད་ཇུས་ནན་ཏན་ངང་ལག་བསྟར་བྱས་ཏེ་གྲོང་ཚོ་རང་གི་གནད་ལ་འཕིགས་པའི་འཕེལ་རྒྱས་ལམ་བུ་ཞིག་བཙལ་འཚོལ་བྱས་ནས། གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་དང་ཞིང་འབྲོག་པའི་འབབ་འཕར་གྱི“སྣེ་ཁྲིད་པ”ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།