ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ཚུན་གཞིས་རྩེས“ནན”དང“དྲང”གི་བླང་བྱ་མཐའ་འཁྱོངས་བྱེད་པ་དང་། སློབ་སྦྱོང་བྱེད་ཀྱིན་དུ་ཞིབ་བཤེར་དང་དག་ཐེར་བྱེད་རྒྱུ་མངོན་གསལ་དོད་དུ་གཏོང་བ། སློབ་སྦྱོང་སློབ་གསོ་དང་། གནད་དོན་གྲལ་བཤེར། དག་ཐེར་དོན་འཁྱོལ་བཅས་ཐད་ཤུགས་སྣོན་བརྒྱབ་ནས་ཆེད་དོན་སློབ་གསོའི་བརྒྱུད་རིམ་དེ་གནད་དོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་ལ་དངོས་འབྲེལ་འགྱུར་བ་བྱས་ཏེ་ཕན་འབྲས་དངོས་ཐོན་རྒྱུར་འགན་ལེན་བྱས་ཡོད།

སློབ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སློབ་སྦྱོང་ལ་བརྟེན་ནས་བསམ་བློར་ཁྲིད་སྟོན་བྱས་ཏེ་ཡུལ་ཁམས་བཏོད་པ། དངོས་སུ་སློབ་སྦྱོང་དང་། ཡིད་ཆེས། བེད་སྤྱོད་བཅས་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་སློབ་སྦྱོང་དང་ནང་དོན་ལ་གཞིགས་པ། གསུང་བཤད་སློབ་སྦྱོང་དང་། ཏང་གི་སྒྲིག་སྲོལ་སློབ་སྦྱོང་། སྒྲིག་ཁྲིམས་སློབ་སྦྱོང་བཅས་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ། “ནན་གསུམ་དྲང་གསུམ”དེ་ཉིད་ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་སྤྱད་ཡོད། གྲོང་ཨུད་ཧྲུའུ་ཅིས་ཆེད་དོན་ཏང་གི་སློབ་ཚན་སྙན་སྒྲོན་གྱི་རྣམ་པར་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ཆེད་དོན་སློབ་གསོ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྲུའུ་གཞོན་པ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་པས་ཏང་གི་སློབ་ཚན་གྱི་སྙན་སྒྲོན་ཐེངས་400ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་བྱས་པ་དང་། ཏང་ཡོན་ལས་བྱེད་པ་ཁྲི་2ལྷག་ཙམ་ཏང་གི་སློབ་ཚན་སློབ་སྦྱོང་ནང་ཞུགས་ཡོད།

གནད་དོན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཞིབ་བཤེར་ལ་བརྟེན་ནས་བསམ་ཞིབ་བྱས་ཏེ་དྲན་སྐུལ་བྱ་རྒྱུར་སྐུལ་འདེད་བཏང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་གཅིག་འདུས་བྱེད་པ་དང་། “མི་ནན་མི་དྲང”གི་མངོན་ཚུལ་རེ་རེ་བཞིན་ཡོ་བསྲང་དང་དབྱེ་ཞིབ་བྱེད་པ། གནད་དོན་ཞིབ་བཤེར་གསལ་པོ། གྲལ་བཤེར་ཞིབ་ཕྲ། དབྱེ་ཞིབ་གཏིང་ཟབ་བཅས་བྱས་ཡོད། སྔོན་ཐོན་དཔེ་མཚོན་མིག་དཔེར་བྱས་ནས་ཧེ་བག་འཚོལ་བ་དང་། ཁ་ཕྱོགས་གསལ་བཟོ། སྒུལ་ཤུགས་སྣོན་པ་བཅས་བྱེད་པ། ལྡོག་ཕྱོགས་དཔེ་མཚོན་དྲན་སྐུལ་དུ་བྱས་ནས་གནད་དོན་ཐོན་པའི་བསམ་བློའི་འབྱུང་རྩ་འཚོལ་བ་དང་། ཉེ་འགྲམ་གྱི“ས་འོག་འབར་མདེལ་ཁུལ”དང“ཉེན་གནས”གྲལ་བཤེར་བྱས་ནས་དྲན་སྐུལ་དང་དག་ཐེར་ཏན་ཏིག་བྱས་པ། བསམ་བློ་དང་། ལས་དོན། འཚོ་བ། སྤྱོད་ཚུལ་བཅས་ཀྱི་དོན་དངོས་དང་འབྲེལ་གཏུག་བྱས་ནས་རིམ་པ་བཞིན་ཞིབ་བསྡུར་བྱེད་པ་དང་། རང་ཉིད་ཀྱི་མངོན་ཚུལ་དང་གནས་པའི་གནད་དོན་ཞིབ་བཤེར་གཏིང་ཟབ་བཅས་བྱས་ནས་གཅིག་འདུས་དང་གྲལ་བཤེར་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ཡོད།

དག་ཐེར་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་བསམ་བློར་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་པ་བྱས་པ། དངོས་སུ་བྱ་སྤྱོད་སྤེལ་བ་དང་། དག་ཐེར་བྱེད་པ། ལས་དོན་སྒྲུབ་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་བསམ་འཆར་མངོན་གསལ་དོད་ཤོས་ཀྱི་གནད་དོན་ལ་གཙོ་གནད་དུ་དམིགས་པ། གོང་ནས་འོག་བར་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་ཤང་གྲོང་དང་གྲོང་ཚོར(གྲོང་ལྷན)དུ་བསྐྱོད་རྒྱུའི་སྣེ་ཁྲིད་དེ་དུད་ཚང་དུ་བསྐྱོད་པ་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་སོགས་བྱེད་ཐབས་བརྒྱུད་མང་ཚོགས་དང་ངོ་ཐུག་གདོང་འཕྲད་དང་གཅིག་སེམས་གཅིག་གཏད་བྱས་ཏེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ངང་བསྡུ་ལེན་དང་། མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས། འགལ་བ་དང་རྩོད་གཞི་གྲལ་བཤེར་བཅས་བྱས་ཡོད། ལས་བྱེད་པར་ལྟ་སྐུལ་དོ་དམ་བྱེད་པའི་ཐད“ནན་པོ”ནས་འགོ་འཛུགས་པ་དང་། 《ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་ཀྱི་གནས་སྐབས་ལག་བསྟར་བྱེད་ཐབས》ལག་བསྟར་ནན་པོ་བྱེད་པ། ནན་པོ་མེད་པ་དང་དགོས་པའི་བྱས་རྗེས་མི་འཇོག་པ་དང་མི་དགོས་ལས་རྙོག་བཟོ་མཁན་དཔོན་གྱི་གནད་དོན་དག་ཐེར་ཤུགས་ཆེན་བྱས་ཡོད། དེ་དང་ཆབས་ཅིག་ཆེད་དོན་སྐོར་ཞིབ་བྱེད་ཤུགས་ཆེ་རུ་དང་རིགས་ཁག་གི་ཁྲིམས་འགལ་སྒྲིག་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་འདི་ལོ་ཚུན་གྲོང་ཁྱེར་དེ་ཡོངས་ཀྱིས“ནན་པོ་མེད་པ་དང་དྲང་པོ་མེད”པའི་གནད་དོན12ཐག་གཅོད་བྱས་པ་དེ་མི41དང་འབྲེལ་བ་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།