ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནས་ཚུལ་འབྱོར་གསལ། གསར་འགོད་པར་ཉེ་ཆར་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་མ་ལག་ཟམ་མི་ཆད་པར་བསྐྲུན་མགྱོགས་སུ་བཏང་བས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིམ་གཉིས་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་མ་ལག་གཞི་རྩའི་ཐོག་གྲུབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱིས་ས་ཚལ་ནས་གུ་གེ་བར་དང་། གནམ་མཚོ་ནས་གཉན་ཆེན་ཐང་ལྷ་བར། གདང་ལ་ནས་རྒྱལ་མོ་རྔུལ་ཆུའི་ཆུ་འགོ་བར་བཅས་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་ཁག་3རེ་ཞུ་བྱས་ཟིན་པ་དང་། ཀླུ་ནང་ནགས་ཚལ་དང་ཁ་བ་དཀར་པོ་སོགས་རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་ཁག་12འཛུགས་རྒྱུའི་ཆོག་མཆན་ཐོབ་པས་ལྗོངས་ཡོངས་སུ་གྲགས་ཅན་མཛེས་ལྗོངས་ཁུལ་ཁག16(ཡར་ཀླུང་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་ཚུད་པ)ཟིན་པ་དང་། ས་ཚལ་ནས་གུ་གེ་བར་དང་ཡར་ཀླུང་གཙང་པོའི་རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་སྤྱི་ཡོངས་འཆར་འགོད(བཟོ་བཅོས)ལས་དོན་སྤེལ་འགོ་ཚུགས་པ་དང་། 《མཆོད་རྟེན་ཉི་མ་རང་སྐྱོང་ལྗོངས་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་སྤྱི་ཡོངས་འཆར་འགོད》ཀྱི་ཞིབ་བཤེར་མཆན་འགོད་ལས་དོན་ལེགས་གྲུབ་ཟིན་པ།

རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་གཞོགས་འདེགས་བྱས་ཏེ་རང་ལྗོངས་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་ལ་ཁྲིམས་འཛིན་ཞིབ་བཤེར་ཐོག་མར་བྱས་ནས་རང་ལྗོངས་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་དག་ཐེར་དོན་འཁྱོལ་ལས་དོན་ལེགས་སྒྲུབ་བྱ་རྒྱུར་ལྟ་སྐུལ་སྐུལ་འདེད་བཏང་བ་བཅས་རེད།

དུས་མཚུངས་ད་ཡོད་ཀྱི་ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། རྒྱལ་རྩེ་རྫོང་གྲོང་བཅས་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་3དང་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་རྡལ་ཁྲ་འབྲུག་གྲོང་རྡལ་གྱི་རྨང་གཞིའི་ཐོག་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད“ལོ་ལྔ་ཚན་བཅུ་གཉིས་པའི”རིང་རང་ལྗོངས་ཀྱི་ས་སྐྱ་གྲོང་རྡལ་དེ་གྲགས་ཅན་གྲོང་རྡལ་དང་སྤང་གཞོང་གྲོང་ཚོ(སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ)དང་། ཐོན་མདའ་གྲོང་ཚོ(སྙེ་མོ་རྫོང་ཐོན་པ་ཤང)མཚོ་མགོ་གྲོང་ཚོ(ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང)བཅས་གསུམ་ལ་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཚོའི་མཚན་སྙན་ཐོབ་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།