ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་བོད་ལྗོངས་ཀྱི་སྡོད་ཁང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་བོད་ལྗོངས་ཀྱིས་ཞིང་སྡེའི་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། སྲོལ་རྒྱུན་གྲོང་ཚོ་དང་རྒྱལ་ཡོངས་ཀྱི་གྲོང་རྡལ་གཙོ་བོ་རུ་སྙན་ཞུ་ཕུལ་བའི་བྱ་བ་སྤེལ་ནས་གྲུབ་འབྲས་ངེས་ཅན་བླངས་ཡོད་དེ། རོང་འབྲོག་པའི་སྡོད་ཁང་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ཞིང་། ལྗོངས་ཡོངས་ཀྱི་ཞང་གྲོང138རྒྱལ་ཡོངས་ཀྱི་གྲོང་རྡལ་གཙོ་བོ་རུ་ཚུད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 2009ལོར་ཁང་རྙིང་བསྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱས་པའི་རིང་ལ། བོད་ལྗོངས་ཀྱིས་ཞིང་སྡེའི་ཁྱིམ་ཚང་ཁྲི35.72ཀྱི་ཁང་རྙིང་བསྒྱུར་བཀོད་རྣམ་གྲངས་ལེགས་འགྲུབ་བྱུང་ཞིང་། མ་དངུལ་སྒོར་དུང་ཕྱུར27.04དངོས་འབེབས་བྱས། སྲོལ་རྒྱུན་གྲོང་ཚོ་རུ་སྙན་ཞུ་ཕུལ་བའི་བྱ་བ་རྩ་འཛུགས་བྱས་ཏེ། མཚོ་མགོ་གྲོང་ཚོ་དང་སྤང་ཞིང་གྲོང་ཚོ་སོགས་གྲོང་ཚོ11ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་རུ་ཆོག་མཆན་བཀོད་པ་དང་། མཚོ་མགོ་གྲོང་ཚོ་དང་། དཀྱིལ་ཡངས་གྲོང་ཚོ། ཁྲི་ཁང་གྲོང་ཚོ། ཚ་ལྷོ་སྟོད་གྲོང་ཚོ་བཅས་སྲོལ་རྒྱུན་གྲོང་ཚོ5ཡི་སྲུང་སྐྱོང་འཕེལ་རྒྱས་འཆར་འགོད་ཀྱི་རྩ་འཛུགས་སྡེབ་སྒྲིག་དང་གྲུབ་འབྲས་ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱུང་ཡོད། དེ་མིན་ཀྲུང་གོའི་སྲོལ་རྒྱུན་དམངས་སྡོད་རྟོག་ཞིབ་རྩ་འཛུགས་བྱས་ཏེ། བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་སྡོད་ཁྱིམ་རྒྱུད་རིགས་འབྱེད་དང་སྒྲིག་སྦྱོར་བྱ་བ་ལེགས་འགྲུབ་བྱུང་ནས། བོད་ལྗོངས་ཀྱི་སྲོལ་རྒྱུན་དམངས་སྡོད་རིགས27《ཀྲུང་གོའི་སྲོལ་རྒྱུན་དམངས་སྡོད་རྣམ་གྲངས་ཕྱོགས་བསྡུས》སུ་ཚུད་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།