ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་རིང་ལ། ཆབ་མདོ་གྲོང་ཁྱེར་གྱིས་མཁར་གྲོང་གི་སྡེ་ཁུལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་སྟེ། ལས་གཞི་དེ2015ལོའི་ལོ་མཇུག་བར་དུ་མཇུག་སྒྲིལ་ཏེ་བེད་སྤྱོད་བྱེད་རྒྱུ་རེད།

ལས་གཞི་དང་པོར་མ་དངུལ་སྒོར་ཁྲི1250བཏང་སྟེ་སྡེ་ཁུལ་གྱི་ཞབས་ཞུ་ལྟེ་གནས15འཛུགས་སྐྲུན་བྱ་རྒྱུ་དང་། སྤྱིའི་འཛུགས་སྐྲུན་གཞི་ཁྱོན་ལ་སྨི་གྲུ་བཞི་མ4400ཡོད། མིག་སྔའི་བར་དུ། དངུལ་གཏོང་སྒོར་ཁྲི800ལེགས་འགྲུབ་བྱུང་ཞིང་། དེའི་ཁྲོད་ཁ་རུབ་ཆུས་འགུ་རོ་གྲོང་རྡལ་སྡེ་ཁུལ་གྱི་ཞབས་ཞུ་ལྟེ་གནས་སོགས་སྡེ་ཁུལ་གཉིས་ཀྱི་ཞབས་ཞུ་ལྟེ་གནས་ལེགས་འགྲུབ་བྱུང་ནས་བེད་སྤྱོད་བྱེད་འགོ་ཚུགས་ཡོད། ལས་གཞི་གཉིས་བ་ནི་མ་དངུལ་སྒོར་ཁྲི1400བཏང་སྟེ་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས28འཛུགས་སྐྲུན་བྱ་རྒྱུ་དང་། སྤྱིའི་འཛུགས་སྐྲུན་གཞི་ཁྱོན་ལ་སྨི་གྲུ་བཞི་མ5600ཡོད། མིག་སྔར་དངུལ་གཏོང་གི་སྒོར་ཁྲི550ལེགས་འགྲུབ་བྱུང་བ་དང་། སྤྱིའི་ལས་གཞི་ཡི40%ལེགས་འགྲུབ་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།